མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་རྒན་གསོ་བཅོས་སྒྱུར་ཚོད་ལྟའི་ས་ཁུལ་དུ་གྱུར།
2019.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྗེས་སུ། ཉེ་སྔོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཡོངས་སྐོར་ཁག་བཞི་བའི་ཁྱིམ་ཚང་དང་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་དུ་གཏན་ཁེལ་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་དང་སྡོད་ཁུལ་གྱི་རྒན་གསོཞབས་ཞུ་བྱ་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། རྒྱུན་མ་ཆད་པར་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་རེ་བ་སྐོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་དང་དམངས་སྲིད་ཐོན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་། ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་བརྒྱུད་དེ། མཚོ་བྱང་ཁུལ་དེ་རྒྱལ་ཡོངས་སྐོར་ཁག་བཞི་བའི་ཁྱིམ་ཚང་དང་སྡོད་ཁུལ་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་དུ་གཏན་ཁེལ་བྱས། མཚོ་བྱང་ཁུལ་གྱིས་ད་ཡོད་ཀྱི་བྱེད་ཐབས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། ས་ཁུལ་གྱི་ལོ་ལོན་གྱི་མི་གྲངས་གཞི་ཁྱོན་དང་ཞབས་ཞུ། ནོར་ཤུགས་གནས་བབ། མི་རིགས་ཀྱི་ཁྱད་ཆོས་སོགས་ལ་ཟུང་འབྲེལ་བྱས་ནས། རྒན་གསོ་ཞབས་ཞུ་དེ་ཚོང་ར་གཙོ་གཞི་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་པ་དང་། རིག་སྟོབས་རྒན་གསོ་ལ་སྐུལ་འདེད་གཏོང་བ། རྒན་གསོ་བདག་སྐྱོང་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། སྨན་གསོ་ཟུང་འབྲེལ། ཕྱོགས་གསུམ་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་སྐྱེད་སྲིང་བྱེད་པ་སོགས་ཕྱོགས་སུ་རྒྱུན་བསྲིང་ནས། ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རང་ས་གནས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་འཕེལ་རྒྱས་མ་དཔེ་གྲུབ་པར་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཕན་བདེ་ལས་དོན་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་པ་དང་། ཁྱིམ་ཚང་རྨང་གཞི་རུ་བྱེད་པ་དང་སྡོད་ཁུལ་རྒྱབ་རྟེན་དུ་བྱེད་པ། སྡེ་ཁག་ཁ་གསབ་ཏུ་བྱེད་པ། རྒན་གསོ་ཞབས་ཞུ་གཙོ་གནད་དུ་བྱས་ནས། མ་དངུལ་མང་བ་དང་རིམ་པ་མང་བའི་འཕེལ་རྒྱས། ཆེད་ལས་ཅན་གྱི་ཞབས་ཞུ། ཀུན་ཕན་གྱི་རིགས་གསར་བའི་སྤྱི་ཚོགས་ཕན་བདེ་ཞབས་ཞུ་མ་ལག་གྲུབ་པར་བྱས་པ་དང་། ལོ་ལོན་དང་དབང་བོ་སྐྱོན་ཅན། དྭ་ཕྲུག་སོགས་དམིགས་བསལ་མི་ཚོགས་ཀྱི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོབ་བྱས། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་འབྲེལ་ཡོད་རྒན་གསོ་ལས་ཁུངས་དོ་དམ་དང་སྲིད་གཞུང་གིས་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་བྱེད་པ། སྨན་གསོ་མཉམ་བསྲེས་སོགས་ཕྱོགས་ཀྱི་སྲིད་ཇུས་བྱེད་ཐབས་སུམ་ཅུ་ལྷག་ཕྱིར་བཏོན།