ལོ་སྨད་ལ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ལས་དོན་སྡེ་ཁག་གི་བྱ་བའི་མི་སྣ་སྟོང་གཅིག་དང་ཉིས་བརྒྱ་ང་བརྒྱད་བསྡུ་ལེན་བྱེད་རྒྱུ་རེད།
2019.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་སྤྱི་ཚོགས་ལ་ཁ་གཏད་དེ་ལས་དོན་སྡེ་ཁག་གི་བྱ་བའི་མི་སྣ་སྟོང་གཅིག་དང་ཉིས་བརྒྱ་ང་བརྒྱད་བསྡུ་ལེན་བྱེད་རྒྱུ་ཡིན་པ་དང་། དེའི་ཁྲོད་དགེ་རྒན་ཉིས་བརྒྱ་དང་བཅུ་བདུན་དང་སྨན་བཅོས་མི་སྣ་བརྒྱ་དང་ལྔ་བཅུ་བསྡུ་ལེན་བྱེད་རྒྱུ་རེད། དེ་ནི་ལོ་སྟོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྡེ་ཁག་གི་སྐོར་ཐེངས་དང་པོའི་མི་བསྡུ་གྲོས་ཚོགས་རྗེས་སུ། ད་ལོར་བསྡུས་པའི་གཅིག་བསྡུས་གཅིག་གྱུར་གྱི་གཞི་ཁྱོན་ཆེ་བའི་མི་བསྡུ་བྱ་འགུལ་སྐོར་ཐེངས་གཉིས་པ་རེད། ཐེངས་འདིའི་མི་བསྡུ་འཆར་གཞི་ཁྱབ་བསྒྲགས་བྱས་རྗེས། ད་ལོར་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་མི་བསྡུ་འཆར་གཞི་སྟོང་གསུམ་དང་བརྒྱད་བརྒྱ་སོ་བརྒྱད་ཁྱབ་བསྒྲགས་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བྱ་བའི་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་མི་བསྡུ་བྱ་བའི་ཐད་ནས་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། ཉེན་ཁ་ཚོད་འགོག་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། ཐོབ་ཐང་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ་དང་། སྐར་སྣོན་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ། འཕྲིན་བཅར་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་ནས། ལོ་སྨད་ཀྱི་ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་གི་ཡོངས་ཁྱབ་ཀྱི་མི་བསྡུ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།