གུང་ཧོ་རྫོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཏན་ཏན་ཏིག་ཏིག་གིས་སྤེལ།
2019.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་ནས། བརྗོད་དོན་སློབ་གསོ་དང་བྱ་བ་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་འཚོལ་བ་དང་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པ། གྲུབ་འབྲས་བརྩོན་ལེན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། གུང་ཧོ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། མགྱོགས་མྱུར་སྒོས་འགུལ་སྐྱོད་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཡོངས། ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། ཞང་དང་གྲོང་རྡལ། སྡེ་ཁག་སོ་སོས་ཚད་གཞི་མཐོན་པོ་དང་རེ་བ་མཐོན་པོ་བཏོན་པ་མ་ཟད་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་རེ་བར་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ནས། བརྗོད་དོན་སློབ་གསོ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ། ཏང་ཡོན་གྱི་སློབ་སྦྱོང་གྲོས་ཚོགས་དང་ཆེད་དོན་འཆད་ཁྲིད་སོགས་རྣམ་པ་མང་བའི་གཅིག་བསྡུས་སློབ་སྦྱོང་བརྒྱུད་དེ། གཟབ་ནན་དང་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་སྤེལ་བ་དང་། སློབ་སྦྱོང་གི་སྣང་ཚུལ་སྟུག་པོ་བསྐྲུན།

བརྗོད་དོན་སློབ་གསོ་བྱ་བའི་ཁྲོད། གུང་ཧོ་རྫོང་གིས་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་འགོ་ཁྲིད་དེ་བརྗོད་དོན་སློབ་གསོ་སྤེལ་བ་དང་། གཅིག་བསྡུས་སློབ་སྦྱོང་བརྟན་བརླིང་ངང་སྤེལ་བ། གཞུང་ལུགས་སློབ་སྦྱོང་དེ་རྨང་གཞི་རང་བཞིན་དང་ཉིན་རྒྱུན་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཏང་གི་གཞུང་ལུགས་གྲུབ་འབྲས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་གསར་གཏོད་མཐོར་འདེགས་གཏོང་བ། ལག་བསྟར་ལ་མཛུབ་སྟོན་བྱས་ནས། བརྗོད་དོན་སློབ་གསོ་ལག་བསྟར་ཞིབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། རིག་སྟོབས་གཅིག་བསྒྲིལ་བྱས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། རྫོང་མེད་པར་བྱས་ནས་གྲོང་ཁྱེར་འཛུགས་པའི་གོ་སྐབས་དམ་འཛིན་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་འཚམ་པའི་ལྗང་མདོག་ཐོན་ལས་མ་ལག་འཛུགས་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཕྱུག་བསྒྱུར་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།