ཀོས་ནན་རྫོང་གིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2019.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཞིང་ཆེན་ཡོངས་ཀྱི་ཞིང་སྨན་ལུད་རྫས་ཇེ་ཉུང་དུ་བཏང་སྟེ་ཕན་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བར་ཚོད་ལྟ་བྱེད་ཡུལ་གྱི་ཀོས་ནན་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་སྨན་ལུད་རྫས་ཇེ་ཉུང་དུ་བཏང་སྟེ་ཕན་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཚོད་གནས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལྟར།  ཀུང་ཟི་ཡོངས་ཀྱིས་སྐྱེ་ལྡན་ལུད་ཀྱིས་ཞིང་སྨན་ལུད་རྫས་ཀྱི་ཚབ་བྱས་ཏེ་གནོད་འབུས་ལྗང་མདོག་ལ་གནོད་སྐྱེལ་བ་འགོག་བཅོས་བྱེད་པའི་ལག་རྩལ་ལ་སྐུལ་འདེད་བཏང་བ་དང་།   སྐྱེ་ལྡན་ལུད་ཀྱིས་ལུད་རྫས་ཀྱི་ཚབ་བྱས་ཏེ་ལྗང་མདོག་དང་སྐྱེ་ལྡན།   མིང་རྟགས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་སྐྱེ་ལྡན་ལུད་ཀྱིས་ལུད་རྫས་ཀྱི་ཚད་བྱེད་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་བཟང་བོ་བཏོན།

ད་ལོའི་ལོ་མགོ་ནས་བཟུང་།    ཀོས་ནན་རྫོང་རྩྭ་ལས་ཀུང་ཟིའི་གོང་འོག་ཚང་མས་ཧུར་ཐག་གིས་འགུལ་སྐྱོད་སྤེལ་ཏེ་སྐྱེ་ལྡན་ལུད་ཀྱིས་ལུད་རྫས་ཀྱི་ཚབ་བྱེད་པའི་ལག་རྩལ་ལ་སྐུལ་འདེད་བཏང་བ་དང་།  བཀོད་སྒྲིག་གྲོས་ཚོགས་ཐེངས་མང་པོར་བསྡུས་ཏེ་དམིགས་འབེན་འགན་འཁྲི་ཇེ་ཞིབ་ཏུ་བཏང་བ་དང་བྱ་བའི་ལས་འགན་ཇེ་གསལ་དུ་བཏང་ལ།    ཉིས་སྟོང་བཅུ་དགུ་ལོའི་ཞིང་ལས་ཐོན་སྐྱེད་འཆར་གཞི་ལེགས་སྒྲིག་བྱས་ཏེ་ལུགས་མཐུན་གྱིས་སྐྱེ་ལྡན་ལུད་ཀྱི་བཀོད་ཚད་ཆེ་རུ་བཏང་ནས་ཞིང་སྨན་ལུད་རྫས་ཇེ་ཉུང་དུ་བཏང་སྟེ་ཕན་ནུས་མཐོར་འདེགས་གཏོང་བའི་ཐད་གྲུབ་འབྲས་གསར་པ་ལེན་པར་འགན་སྲུང་བྱས།   དེ་དང་མཉམ་དུ།   ཧུར་ཐག་གིས་ཐོན་ལས་སྦྲེལ་མཐུད་དང་ཚན་ཞིབ་ཁང་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་ནས་ཀྱི་ཐོན་རྫས་གསར་བ་གསར་སྤེལ་དང་།    ནས་ལས་སྣོན་ཐད་ནས་ཐོད་བརྒལ་གསར་བ་འབྱུང་བར་བརྩོན་ལེན་བྱས་ཏེ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།     ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་ཞིང་སྨན་ལུད་རྫས་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ་ལོ་ལྔ་འཁོར་ཡུན་གཅིག་བྱས་པ་དང་།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བདུན་དང་རྫོང་བཅུ་དགུ།  དེ་མིན་རྒྱལ་དབང་ཞིང་ཕྱུགས་ར་བ་བཅུ་གཅིག་ནས་ཞིང་སྨན་ལུད་རྫས་ཇེ་ཉུང་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ་ཞིང་ལས་སྤུས་ཚད་མཐོར་འདེགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་དང་།   ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས།