ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས༽
2019.10.23 ཁུངས། ཀློག་གྲངས། 168

2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ༼མཐོ་སྒང་གི་ས་ཚིགས། ངོ་མཚར་གྱི་ཏུའུ་ལན༽རྫོང་དུ་བསྐྱོད་ནས་སྲིད་གྲོས་ཀྱི་ལས་དོན་ཐད་བཅར་འདྲི་བྱེད་འགོ་བརྩམས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར70ལོན་པ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། ལོ་འཁོར70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་དུས་རབས་དང་གོམ་སྟབས་གཅིག་མཚུངས་དང་། མེས་རྒྱལ་དང་མཉམ་དུ་མདུན་སྐྱོད་བྱས་ཏེ་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། སྒྱུར་བཅོས་ཀྱི་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་གཡུར་ཟས་གྲུབ་འབྲས་བླངས་ཡོད་པ་དང་ལོ་རྒྱུས་སྟེང་སྔར་ན་མེད་པའི་བརྗིད་ཆེ་ལེའུ་ཞིག་བརྩམས་ཡོད་པ་མ་ཟད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་ནན་པོ་བྱས་ཡོད།

ཟླ10པའི་ཚེས22ཉིན་གྱི་ཞོགས་པར། ང་ཚོའི་བཅར་འདྲི་ཚན་ཆུང༼གསེར་མདོག་གི་འཇིག་རྟེན༽གཏེར་ལེན་ཁ་ནས་ལམ་ལ་ཆས་ཏེ་བཅར་འདྲིའི་ས་ཚིགས་གཉིས་པ་སྟེ་ས་ལེ་བར་ཉིས་བརྒྱ་ལྷག་གིས་ཆོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་པའི༼མཐོ་སྒང་གི་ས་ཚིགས། ངོ་མཚར་བའི་ཏུའུ་ལན༽དུ་བསྐྱོད་ནས་བཅར་འདྲི་བྱེད་འགོ་བརྩམས།

        ཏུའུ་ལན་རྫོང་གི་འཛུགས་སྐྲུན་དང་།  དཔལ་འབྱོར་འཕེལ་རྒྱས།  ཡུལ་སྐོར་རྟེན་གཞི། དམངས་ཀྱི་འཚོ་བ་བདེ་ལ་བཀོད་ཅིང་ལྷག་པར་དུ་ཏུའུ་ལན་རྫོང་གི་སྲིད་གྲོས་གྱི་བྱ་བའི་སྒྲིག་གཞི་དང་། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཀྱི་ལས་ཀ་དང་། སྡེ་ཁུལ་གྱི་ལས་དོན་ཟུང་འབྲེལ་འདིས་གནས་འདིའི་རིག་གནས་ཀྱི་མཚོན་རྟགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ངང་གིས་རྟོགས་ཡོང་།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཏུའུ་ལན་རྫོང་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལེགས་བཅོས་ཤུགས་སྣོན་དགོས་པའི་སྐོར་གྱི་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་མཚམས་གསར་པ་དང་འགན་འཁྲི་གསར་པ་ཡིད་ལ་དམ་པོར་བཅངས་ནས། ཀྲུང་གུང་ཏུའུ་ལན་རྫོང་ཨུའི་ཡང་དག་པའི་འགོ་ཁྲིད་འོག བཅོས་བསྒྱུར་གྱི་བསམ་གཞིགས་དང་གསར་གཏོད་ཀྱི་འདུ་ཤེས། དོན་དངོས་གཉེར་བའི་བྱེད་ཐབས་བརྒྱུད་དེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་གྲོས་མོལ་བཅས་ཀྱི་འགན་ནུས་གཟབ་ནན་གྱིས་ལག་ལེན་བྱས་སྟབས། མི་དམངས་སྲིད་གྲོས་ཀྱི་ལས་དོན་སོ་སོར་གྲུབ་འབྲས་གསར་པ་བླངས་ཏེ་རྣམ་པ་གསར་པ་བྱུང་བར་མ་ཟད། རྫོང་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཆེད་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་ཕུལ་འདུག 

ཏུའུ་ལན་རྫོང་སྐབས་དྲུག་པ་དང་བདུན་པའི་སྲིད་གྲོས་ཀྲུའུ་ཞི་ཚེ་བྷེ།

ཏུའུ་ལན་རྫོང་སྐབས་དྲུག་པ་དང་བདུན་པའི་སྲིད་གྲོས་ཀྲུའུ་ཞི་ཚེ་བྷེ་ཡིས་བཤད་རྒྱུར། ཏུའུ་ལན་རྫོང་སྲིད་གྲོས་ཀྱིས་ཆབ་སྲིད་བསམ་བློའི་རྨང་གཞི་བརྟན་པོ་བཟོ་ཆེད། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་གཙོ་བོར་བཟུང་ནས་སློབ་སྦྱོང་ནན་ཏན་བྱས་པ་དང་། གཉིས་ནས་བསམ་བློ་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་བསྣན་པ། གསུམ་ནས་རིག་གནས་ལོ་རྒྱུས་ཡིག་ཆའི༼ལོ་རྒྱུས་ཉར་ཚགས་དང་སྲིད་སྐྱོང་ཐབས་ཇུས། མཐུན་སྒྲིལ་དམ་ཟབ། མི་སྣ་གསོ་སྐྱོང༽གི་ནུས་པ་འདོན་སྤེལ་ཡོང་བར་དམིགས་ཏེ། 《ཏུའུ་ལན་རྫོང་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ》དང་། 《ཏུའུ་ལན་རྫོང་སྲིད་གྲོས་ཀྱི་ལོ་རྒྱུས།(2011-2016)》 《ཏུའུ་ལན་གྱི་རིག་གནས་ལོ་རྒྱུས》(དེབ་གཉིས)བཅས་པར་སྐྲུན་བྱས་པ་དང་།  《ཏུའུ་ལན་གྱི་སོག་པོའི་ལོ་ངོ་བརྒྱའི་ཟིན་ཐོ》དང་《ཏུའུ་ལན་རྫོང་སོག་པོའི་མི་སྣའི་ལོ་རྒྱུས》གཉིས་རྩོམ་སྒྲིག་བགྱིས་པར་མ་ཟད། 《མཚོ་སྔོན་སོག་སྐད་ས་མིང་རྒྱ་སོག་ཤན་སྦྱར་མིང་མཛོད》ཏུའུ་ལན་སྐོར་གྱི་བསྡུ་རུབ་ལས་དོན་ལེགས་པར་གྲུབ་པ་བཅས་ལ་བརྟེན་ནས། རིགས་སོ་སོས་ཕན་ཚུན་རམ་འདེགས་དང་མཐུན་སྒྲིལ། འཆམ་མཐུན་བཅས་མཛའ་བརྩེ་ལག་རྡང་མཉམ་དུ་སྦྲེལ་པ། བཞི་ནས《ཏུའུ་ལན་ཚགས་པར》དང་། 《མཐོ་སྒང་གི་ས་ཚིགས་ངོ་མཚར་བའི་ཏུའུ་ལན།》 《ཏུའུ་ལན་སྲིད་གྲོས་ཀྱི་གསར་འགྱུར》སོགས་དྲིལ་སྒྲོག་རྟེན་གཞིར་བཟུང་ནས། ཏུའུ་ལན་སྲིད་གྲོས་ཀྱི་རྣམ་པ་གསར་པ་དང་། སྲིད་ཞུགས་གྲོས་མོལ་གྱི་གྲུབ་འབྲས་གསར་པ། ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་ཉམས་འགྱུར་གསར་པ་བཅས་ཕྱི་ཕྱོགས་སུ་འགྲེམ་སྟོན་བྱས་ཡོད་ཟེར།

ཏུའུ་ལན་རྫོང་ཚ་སུའུ་གྲོང་རྡལ་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དུང་རོང་ཧོས།

ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་ནི2008ལོའི་ཟླ7པར་བཙུགས་པ་དང་། མངའ་ཁུལ་དུ་སྲིད་འཛིན་ཁེ་ལས་དང་བྱ་ལས་སྡེ་ཚན63ཡོད་ཅིང་། སྡོད་དམངས1357དང་། མི་གྲངས3628ཡོད། ད་ཡོད་ཀྱི་ཏང་ཡོན61ཡོད་པ་དང་། དེའི་ནང་བུད་མེད་ཏང་ཡོན15དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན20ཡོད་ལ། སློབ་ཆེན་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་ཏང་ཡོན26ཡོད་ཅིང་། དེའི་ཁོངས་གཏོགས་སུ་ཏང་གི་ཚོ་ཆུང6བཙུགས་ཡོད།

ཏུའུ་ལན་རྫོང་ཚ་སུའུ་གྲོང་རྡལ་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དུང་རོང་ཧོས་བཤད་རྒྱུར། རང་ཉིད་སྡེ་ཁུལ་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སྲིད་ཞུགས་གྲོས་མོལ་དང་ལས་འགན་སྒྲུབ་རིམ་ཁྲོད་དུ་སྲིད་གྲོས་ཀྱི་ལས་དོན་མྱོང་ཚོར་ཟབ་མོ་བྱུང་ཞིང་། གསར་གཏོད་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁྲོད། མཉམ་ལས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་། ལོ་ཤས་རིང་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱ་སའི་ཁྱིམ་ཚང་ཆེན་པོ་འདིའི་ནང་། ངས་ཀྱང་སྲིད་གྲོས་ཀྱི་ཤེས་བྱ་མང་པོ་བསླབ་ནས་རང་ཉིད་ཀྱི་ཉམས་མྱོང་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཏུ་རང་ཉིད་ལའང་སྦྱོང་བརྡར་མི་དམན་པ་ཞིག་ཐོབ། སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་རེ་རེ་དང་བྱེད་སྒོ་སྣ་ཚོགས་ལ་རང་ཉིད་ནམ་ཡང་མ་སྐུལ་དང་བླངས་སྒོས་ཞུགས་ནས་ཏུའུ་ལན་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཐབས་འདོན་ཇུས་འབུལ་བྱས་པ་ཡིན། ལས་ཀ་དངོས་ནང་ངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་གཞི་བཟུང་ནས་སྲིད་གྲོས་ཀྱི་ལས་ཀ་དང་སྡེ་ཁུལ་གྱི་ལས་དོན་ཕན་ཚུན་ཟུང་འབྲེལ་དམ་པོ་བྱ་རྒྱུ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་སྲིད་གྲོས་ཨུ་ཡོན་གྱི་འགན་ནན་ཏན་སྒོས་འཁུར་བ་དང་བསྒྲུབ་པ། གྲོང་མི་དུད་ཚང་གིས་འཚོ་བའི་ཁྲོད་ཀྱི་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་དང་སྤྱི་ཚོགས་ཀྱི་གནས་ཚུལ། མི་དམངས་ཀྱི་བསམ་འདུན་བཅས་དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་། སྡེ་ཁུལ་གྱི༼དྲོད་སྐྱིད་ཞབས་ཞུའི༽བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཏང་ཡོན་གྱི་སྒེར་སེམས་མེད་པའི་དགེ་ལས་ཀྱིས་གྲོང་མི་ཚང་མའི་སེམས་ལ་དྲོད་སྐྱིད་ཟབ་མོ་སྦྱིན་པ་དང་། ཏང་ཡོན་དང་བླངས་པའི་དཔུང་ཁག་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ། སྡེ་ཁུལ་གྱི་གྲོང་མིའི་འཐུས་ཚབ་པ་དང་གཏམ་བཤད་པ་བཟང་པོར་ཞིག་འགྱུར་བར་འབད་པ་བྱ་རྒྱུ་ཡིན་ཟེར།