མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་སློབ་རའི་བདེ་འཇགས་འགོག་སྲུང་བྱ་བ་བརྟན་པོར་བསྒྲུབས།
2019.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

གསར་འགོད་པས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཉེ་བའི་དུས་སྐབས་ཤིག་ཏུ།  ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིབ་བཤེར་གསུམ་དང་ །  འགོག་སྲུང་གསུམ།  དོན་འཁྱོལ་བཞིའི་བྱ་བ་བྱེད་ཐབས་མུ་མཐུད་དུ་ཤུགས་དྲག་ཏུ་བཏང་ནས།  སྔར་ལས་ལྷག་པར་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་བདེ་འཇགས་འགོག་སྲུང་བྱ་བར་ཤུགས་སྣོན་བྱེད་པའི་བྲེལ་མྱུར་བརྡ་སྦྱོར་དཔར་ནས་བཀྲམ།  རྐྱེན་ངན་རྩད་ཞིབ་དང་།  འགོག་སྲུང་གསུམ་འཛུགས་བསྐྲུན། བདེ་འཇགས་སློབ་གསོ།  མཐའ་སྐོར་བཅོས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་སོགས་ལས་འགན་གཙོ་བོ་དག་གསལ་བོར་བསྟན་ནས།  ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་བདེ་འཇགས་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་པས།  ཕན་འབྲས་ལྡན་པའི་ངང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བདེ་འཇགས་འགོག་སྲུང་བྱ་བ་ཇེ་བརྟན་དུ་བཏང་།

གཅིག  བརྒྱ་ཆའི་བརྒྱ་ཅན་གསུམ་གྱི་ལེབ་བཤེར་ལས་དོན་དང་དམ་པོར་སྦྲེལ་ནས།  སློབ་རའི་སྒོ་དང་།  ཚོད་ལྟ་ཁང་།  ཟ་ཁང་།  ཐབ་ཁང་།  སློབ་མའི་མལ་ཁང་།  ཆུ།  གློག  མེ་གསོད་མེ་འགོག་སོགས་གཙོ་གནད་དུ་བཟུང་སྟེ།  རང་བཤེར་ནན་མོ་བྱེད་པ་དང་ལེབ་བཤེར་ལས་ཐོན་པའི་གནད་དོན་ལ་གོ་རིམ་ལྡན་པའི་ཟིན་ཐོན་འགོད་པ་དང་།  དག་ཐེར་བྱེད་ཐབས་གཏན་འབེབས་བྱས་ནས་དུས་བཀག་ལྟར་དག་ཐེར་བྱེད་པ།  ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་གཏན་འཇགས་ཚོད་འཛིན་གཙོར་འཛིན་པ་དང་། དུས་ལྟར་གོང་རིམ་སྲིད་གཞུང་དང་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་ལ་སྙན་ཞུ་འབུལ་དགོས།  གཉིས།  ནན་ཏན་སྒོས་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་བདེ་འཇགས་ཉེན་ཟོན་རྩ་དོན་བླང་བྱ་ལྟར་དུ།  མིག་མདུན་དང་རྒྱང་རིང་གཉིས་ཀྱི་དམིགས་འབེན་ལ་ཁ་ཕྱོགས་ནས་སྐུལ་འདེད་བྱ་བ་སྒྲུབ་པ།  མིའི་འགོག་སྲུང་དང་དངོས་བོའི་འགོག་སྲུང་།  ལག་རྩལ་འགོག་སྲུང་བཅས་ཀྱི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་དགོས།   གསུམ། འཛིན་གྲྭའི་ཐུན་ཚོགས་བྱ་འགུལ་དང་།  སློབ་རའི་སྨྱན་བྱད།  ཁྱིམ་བདག་ཚོགས་འདུ་སོགས་ཀྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས།  སློབ་མ་ཡོངས་དང་ཁྱིམ་བདག་ལ་ཐུན་མོང་གིས་དྲག་ཤུགས་སྔོན་འགོག   གནོད་འཚེ་སྔོན་འགོག་དང་། ཁྲིམས་འགལ་གྱི་གནོད་འཚེ་སྔོན་འགོག་སྐོར་ནང་དོན་ཡིན་པའི་ཆེད་བསྒྲིགས་སློབ་གསོ་དང་འཕྲེད་བསྟུན་སྦྱོང་བརྡར་བྱ་འགུལ་སྤེལ་བ།  བཞི།  སྤྱི་བདེ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་ལྷན་དུ།  ཤུགས་ཆེན་པོས་སློབ་རའི་མཐའ་བསྐོར་ཁོར་ཡུག་དག་ཐེར་བཅོས་སྒྲིག་དང་།  སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་གྱིས་འབྲེལ་ཡོད་ལས་དོན་ལེགས་པོར་སྒྲུབ་དགོས།  ལྔ་།  མུ་མཐུད་དུ་ཞིང་ཆེན། གྲོང་ཁྱེར་དང་ཁུལ།  རྫོང་བཅས་རིམ་པ་གསུམ་གྱི་སློབ་གསོའི་མ་ལག་མགོ་ཁྲིད་ལས་བྱེད་པས་ལྟ་སྐུལ་སློབ་སྟོན་ལམ་ལུགས་དང་འབྲེལ་གཏུག་བྱེད་པ།  དྲུག  ཏང་སྲིད་གྱིས་འགན་འཁྲི་མཉམ་འཁུར་དང་། ལས་རྐང་གཅིག་ལ་འགན་འཁྲི་གཉིས།  མཉམ་འཛིན་སྤྱི་སྒྲུབ་ཀྱི་སློབ་རའི་བདེ་འཇགས་བྱ་བའི་རྣམ་པ་དངོས་སུ་གྲུབ་པར་བྱེད་དགོས།