ཚྭ་མཚོའི་ཕ་ས། ན་གོར་མོ་གྲོང་ཁྱེར།
2019.10.25 ཁུངས། ཀློག་གྲངས། 375

2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ༼ཚྭ་མཚོའི་ཕ་ས། ན་གོར་མོ་གྲོང་ཁྱེར།༽རྫོང་དུ་བསྐྱོད་ནས་སྲིད་གྲོས་དང་སློབ་གསོ།སྨན་བཅོས་ཁག་གི་ལས་དོན་ཐད་བཅར་འདྲི་བྱེད་འགོ་བརྩམས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། བྱམས་པ་བཀྲ་ཤིས། དཔལ་འཛོམས། )2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ཞིང་། དུས་མཚུངས་སུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོའང་ཡིན་སྟབས། མཚོ་ནུབ་ཀྱི་སྲིད་གྲོས་རིམ་པ་ཁག་གིས༼ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས༽ཞེས་པ་བརྗོད་བྱ་གཙོ་བོར་དམིགས་ཏེ། ཟླ10པའི་ཚེས24ཉིན། ང་ཚོ་བཅར་འདྲི་ཚན་ཆུང་གི་བཅར་འདྲིའི་ས་ཚིགས་གསུམ་པ་སྟེ༼ཚྭ་མཚོའི་དཀར་མོའི་ཕ་ས༽ཞེས་པའི་མཚན་སྙན་ཐོབ་ཡོད་པའི་ན་གོར་མོ་གྲོང་ཁྱེར་དུ་བཅར་འདྲིར་བསྐྱོད་འགོ་བརྩམས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོའི་མཁར་གྲོང་གི་འཛུགས་སྐྲུན་དང་། དཔལ་འབྱོར་འཕེལ་རྒྱས།  ཡུལ་སྐོར་རྟེན་གཞི།  དམངས་ཀྱི་འཚོ་བ་བདེ་ལ་བཀོད་ཅིང་།ལྷག་པར་དུ་ན་གོར་མོ་གྲོང་ཁྱེར་གྱི་སློབ་གསོ་འཕེལ་རྒྱས་དང་སློབ་གསོ་འདྲ་མཉམ། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་བསྒྱུར་བཅོས། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་རིམ་བཅས་ལས་གནས་འདིའི་རིག་གནས་ཀྱི་མཚོན་རྟགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ངང་གིས་རྟོགས་ཡོང་།

ན་གོར་མོ་གྲོང་ཁྱེར་སྲིད་གྲོས་ནི1987ལོའི་ཟླ7པར་བཙུགས་པ་རེད། ཐོག་མཐའ་བར་གསུམ་དུ་ན་གོར་མོའི་གྲོང་ཁྱེར་སྲིད་གྲོས་ཀྱིས་སྲ་ཞིང་བརྟན་པ་དང་། བློ་ཞིབ་མོས་མཛུབ་སྟོན་འོག ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པ།ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ། ན་གོར་མོ་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་བསྒྱུར་བཅོས་ཁྲོད་ཀྱི་སྲིད་གྲོས་རྩ་འཛུགས་ཀྱི་ལོ་རྒྱུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ལ། ན་གོར་མོ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམངས་གཙོ་འཛུགས་སྐྱོང་འཕེལ་རྒྱས་འགྲོ་བར་བདེན་དཔང་ཡང་བྱས་ཡོད། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ཤེས་རྟོགས་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ན་གོར་མོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀོན་ཅོས་སྲིད་གྲོས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

དམངས་གཙོ་མནའ་འབྲེལ། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་སྤྱི་ཁྱབ་ཀྲུའུ་པུའི་ཀྲུའུ་རིན་ཨུ་ཡོན། ན་གོར་མོ་གྲོང་ཁྱེར་སྲིད་གྲོས་རྒྱུན་ཨུ་ཅང་ཙེ་ལོང་གིས་སྲིད་གྲོས་ཀྱི་སྔར་ཡོད་བྱ་བཞག་དང་མ་འོངས་པའི་འཆར་གཞི་གླེང་བཞིན་པ།

ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྲིད་གྲོས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ།“འདུ་ཤེས་བཞི”དང་“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ།༼སྲུང་སྐྱོང་གཉིས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་སྟངས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བྱེད་པ་དང་། གྲོང་ཁྱེར་ཏང་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་དམ་པོར་བཟུང་སྟེ་གྲོས་མོལ་དང་དམངས་གཙོ་འགན་ནུས་སྒྲུབ་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་མོལ་ཧུར་ཐག་བྱས་ནས་དམངས་གཙོའི་ལྟ་སྐུལ་བྱེད་པ་དང་། རང་འགུལ་གྱིས་ཐབས་འདོན་ཇུས་འབུལ་བྱེད་པ། སྲིད་གྲོས་ཀྱི་ལས་ཀ་བྱེད་རིང་རྒྱུན་མི་ཆད་པར་གོང་དུ་སྤེལ་བ་དང་འཕེལ་རྒྱས་འགྲོ་བར་གསར་གཏོད་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་བྱུང་ཡོད།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཅུའུ་ཀྲང་ལིག་ཅན་ཙོས་གོར་མོ་གྲོང་ཁྱེར་གྱི་སྤྱིའི་སློབ་གསོ་ཐད་ནས་ཁ་བརྡ་བྱེད་བཞིན་པ།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཅུའུ་ཀྲང་ལིག་ཅན་ཙོས་བཤད་རྒྱུར། ན་གོར་མོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་གསོ་འཕེལ་རྒྱས་གཏང་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སློབ་གསོའི་འཆར་འགོད་སྔོན་ལ་བཀོད་སྒྲིག་དང་། སློབ་གསོར་གཏོང་ཆ་སྔོན་ལ་འགན་ལེན། སློབ་གསོའི་གནད་དོན་སྔོན་ལ་ཐག་གཅོད་བཅས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རིམ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་མི་དམངས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ56དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་བཙུགས་སློབ་གྲྭ47ཡོད་ཅིང་། དེའི་ནང་བུ་བཅོལ་ཁང25དང་། སློབ་ཆུང་ཁག10།དམའ་རིམ་སློབ་འབྲིང3། ལོ་དགུའི་ལམ་ལུགས་སློབ་གྲྭ13། ལོ་བཅུ་གཉིས་ཀྱི་ལམ་ལུགས་སློབ་གྲྭ1། མཐོ་རིམ་སློབ་འབྲིང3། དམིགས་བསལ་སློབ་གྲྭ1། ལས་རིགས་སློབ་གྲྭ1བཅས་ཡོད་པ་རེད། སྤུས་ལེགས་ངང་འོས་འགན་སློབ་གསོ་འཕེལ་རྒྱས་གཏང་བ་དང་། སྤུས་ལེགས་ངང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་འཕེལ་རྒྱས་གཏང་བ། དམིགས་བསལ་སློབ་གསོར་དོ་ཁུར་བྱེད་པ། མི་རིགས་སློབ་གསོ་རྒྱུན་འཛིན་དང་འཕེལ་རྒྱས་གཏང་བ།ཁྱད་ལྡན་ལས་རིགས་སློབ་གསོ་འཕེལ་རྒྱས་གཏང་བ། སློབ་ཕྱིའི་སློབ་གསོའི་རྣམ་པ་སྐྱོན་བྲལ་ངང་འཕེལ་རྒྱས་གཏང་བ་བཅས་ལ་དམིགས་ནས། རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་འཛུགས་སྐྲུན་ལས་རང་ས་གནས་དང་གནས་གཞན་གྱི་བྱིས་པ་ཚང་མ“སློབ་གྲྭར་འགྲིམ་པའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། འཛིན་གྲྭ་མང་བའི་གནད་དོན་ཀྱང་ཐག་གཅོད་བྱས་པ་རེད་ཟེར།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཅུའུ་ཀྲང་ཟུར་པ་ཀྲང་ཅིན་ཅིན་ལ་བཅར་འདྲ་བྱེད་བཞིན་པ།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཅུའུ་ཀྲང་ལིག་ཅན་ཙོས་བཤད་རྒྱུར། གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་དྲང་གཞག་དང་ཀུན་སྤྱོད་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ《ན་གོར་མོ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི“བློ་གཅིག་བཞི་འདུས”ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་འགྲིམ་འགྲུལ་དཔལ་ཡོན་དང་། སྤྱི་ཚོགས་དཔལ་ཡོན་བྱ་སྤྱོད། དགེ་སློབ་བར་གྱི་བསམ་བློའི་དཔལ་ཡོན་གཞི་རྟེན་དུ་བྱས་ཏེ། རིག་གནས་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཐད་འབད་འབུངས་བྱ་རྒྱུ་དེ་ཡིན།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་དོན་དངོས་ལ་གཞི་ཚུགས་པ་དང་། སློབ་དཔྱོད་སྒྲིག་གཞི་དམ་འཛིན་བྱེད་པ། ཕྱོགས་བསྡུས་སློབ་ཐུན་ལྟེ་བར་བྱེད་པ། ཚན་རྩལ་གཞི་གྲངས་ཆེན་མོའི་སྦྲེལ་དྲ+”སོགས་ཀྱི་ལག་རྩལ་ལ་རྒྱབ་སྐྱོར་བྱས་ཏེ། སློབ་མ་འཕེལ་རྒྱས་འགྲོ་བར་དམིགས་སུ་བཟུང་ནས་སློབ་ཁྲིད་ཀྱི་རྣམ་པ་གསར་པ་འཛུག་པ།  སློབ་ཁྲིད་གདེང་འཇོག་དང་སློབ་གསོ་དོ་དམ་མ་དཔེ་རུ་བཏོད་ནས་ ཕྱོགས་བསྡུས་རང་བཞིན་ཅན་ལ་འགྱུར་བར་ཁ་ཕྱོགས་པ། རྣམ་པ་གསར་པའི་ཤེས་བྱ་རྒྱུད་སྤྲོད་ཀྱི་ཕྱོགས་སྒྱུར་ལ་དེ་བས་སྣང་ཆེན་བྱེད་བཞིན་ཡོད་པ་དང་། མིག་སྔར་ན་གོར་མོ་གྲོང་ཁྱེར་གྱི་སློབ་གྲྭ་མང་པོསPadསློབ་ཁྲིད་བྱེད་བཞིན་ཡོད་ཅིང་། Padལ་བརྟེན་ནས“གཅིག་སློབ་གཅིག་ཁྲིད་སློབ་སྦྱོང”སྤེལ་བ་དང་།

Padསློབ་ཁྲིད་ཀྱིས་སློབ་མ་རྣམས་ལ་སློབ་སྦྱོང་ཕྱོགས་ནས་སྔར་མེད་ཀྱི་སྤྲོ་བ་ཞིག་སྦྱིན་ཐུབ་པ་དང་། རྒྱང་ཁྲིད་རྗེས་རེས་སློབ་ཁང་སོགས་ཁྱད་ལྡན་སློབ་ཁང་གི་རྣམ་པ་ཞིགམངོན་ནས་ཕྱོགས་བསྡུས་སློབ་གསོར་ཤུགས་སྣོན་པ་དང་། རམ་འདེགས་བྱེད་པ་བཅས་ སློབ་གསོའི་བྱ་གཞག་ལ་མེ་ཏོག་མཉམ་བཞད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཞིག་མངོན་ཡོད་ཟེར།

ན་གོར་མོ་གྲོང་ཁྱེར་ཁ་ལོ་བའི་སློབ་གྲྭའི་སྲིད་གྲོས་ཨུ་ཡོན་ཉིག་ལེ།

གསར་འགོད་པས་ན་གོར་མོ་གྲོང་ཁྱེར་ཁ་ལོ་བའི་སློབ་གྲྭ་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། སྲིད་གྲོས་ཨུ་ཡོན་གྱི་ལས་དོན་ལ་སྔར་ལས་ཤུགས་སྣོན་པ་དང་། ཨུ་ཡོན་གྱི་འགན་འཁྲི་འདུ་ཤེས་གཏིང་ཇེ་ཟབ་ཏུ་གཏང་རྒྱུ། འགན་སྒྲུབ་ཀྱི་ སྒུལ་ཤུགས་འཕེལ་བ་བཅས་བྱ་ཆེད། ཟླ་དང་པོའིཚེས4ཉིན། ན་གོར་མོ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཅན་ཆའོ་སྨན་ཁང་གི་ཨུ་ཡོན་ཝུའེ་ཀྲེན་པིན་ཁྲུའུ་དང་གོར་མོ་གྲོང་ཁྱེར་ཁ་ལོ་བའི་སློབ་གྲྭའི་ཨུ་ཡོན་ཉིག་ལེ་ཁྲུའུ་སོ་སོརཨུ་ཡོན་ལས་དོན་ཁང་གཉིས་བཙུགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚུའེ་ཞུའེ་ཁའེ་དང་དྲུང་ཡིག་ཆེན་མོ་ཁྲེན་ཞུའུ་སྒོ་བྱང་བཀལ་བའི་མཛད་སྒོར་ཞུགས་པ་རེད།

ཨུ་ཡོན་ཝུའེ་ཀྲེན་པིན་གྱིས་བསྟན་དོན།“སྲིད་གྲོས་གྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ཨུ་ཡོན་གྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཨུ་ཡོན་གྱི་རྟོག་ཞིབ་ལས་སྟེགས་གསར་པ་གཏོད་པར་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས་ལ།

ལྷག་པར་དུ་སྐབས་བརྒྱད་པའི་སྲིད་གྲོས་གྱི་ཨུ་ཡོན་ཞིག་ཡིན་པའི་འགན་འཁྲི་ལྗི་ལ།   སྐུལ་ལྕག་ཐེབས་པ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ན་གོར་མོ་གྲོང་ཁྱེར་གྱི་ཁ་ལོ་བའི་སློབ་གྲྭའི་ལས་གནས་ལ་གཞི་ཚུགས་ཏེ་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ཇུས་འབུལ་ཤུགས་འདོན་དང་། མཚོ་སྔོན་གྱི་ལྟེ་བའི་གྲོང་ཁྱེར་གཞོན་པ་བསྐྲུན་པ། ནུབ་རྒྱུད་འགྲིམ་འགྲུལ་ལྟེ་གནས་བཅས་བསྐྲུན་རྒྱུ་ཐད་ཨུ་ཡོན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱ་རྒྱུ་ཡིན་ཟེར།

ཅན་ཆའོ་སྨན་ཁང་གི་ཡོན་ཀྲང་། མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། ན་གོར་མོ་གྲོང་ཁྱེར་བཟོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝེ་ཀྲིན་པིན།

གསར་འགོད་པས་ན་གོར་མོ་གྲོང་ཁྱེར་ཅཱན་ཆོའོ་སྨན་ཁང་ནས་བཅར་འདྲི་བྱེད་སྐབས། ཅན་ཆའོ་སྨན་ཁང་གི་ཡོན་ཀྲང་། མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། ན་གོར་མོ་གྲོང་ཁྱེར་བཟོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝེ་ཀྲིན་པིན་གྱིས་བཤད་དོན། མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་ནད་གསོ་དཀའ་བའི་ཐད་སྟབས་བདེ་བསྐྲུན་ཆེད། གཞི་རིམ་དུ་བསྐྱོད་ནས་རིན་མེད་ནད་བརྟག་དང་སྨན་སྟེར་བ་སོགས་ཀྱི་ཐབས་སྣ་ཚོགས་བརྒྱུད་དེ་འཕྲོད་བསྟེན་དབུལ་སྐྱོར་ཕྱོགས་ནས་བྱ་བ་གང་མང་བསྒྲུབས་པར་མ་ཟད། རང་ཉིད་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ལོ་རེ་ལ་འཕྲོད་བསྟེན་བཅོས་བསྒྱུར་དང་ནད་བརྟག་སྨན་བཅོས་དཀའ་བ། སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་ནས་གྲོས་གཞི་མང་པོ་བཏོན་པར་སྲིད་གཞུང་གིས་མཐོང་ཆེན་མཛད་པ་དང་། མང་ཚོགས་ལའང་ཕན་པ་ཆེན་པོ་བྱུང་ཡོད་ཅེས་བཤད།