མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚུགས་ཀྱི་འཕོ་འགྱུར།
2019.10.28 ཁུངས། ཀློག་གྲངས། 84

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ།  དཔལ་འཛོམས།)    ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་༼མཚོ་སྔོན་གྱི་ནུབ་སྒོ་ཆེན་མོའམ་རྡོ་སྣུམ་གྱི་ཕ་ས༽མང་ཨེ་གྲོང་ཁྱེར་དུ་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚུགས་ཀྱི་ལས་ཀའི་ཐད་བཅར་འདྲ་བྱེད་འགོ་བརྩམས།

མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་དེ་རྒྱལ་ལམ315ཡི་སྤྱི་ལེ1206དང་སྨི500ཡི་མཚམས་སུ་གནས་པ་དང་། མང་ཨེ་གྲོང་ཁྱེར་ཧྭ་ཐུའུ་ཀུའུ་གྲོང་རྡལ་དང་བར་ཐག་སྤྱི་ལེ8ཡོད་ཅིང་། ནུབ་ཕྱོགས་ཀྱི་སྤྱི་ལེ70ལྷག་ཙམ་ནི་ཞིན་ཅང་རུའོ་ཆང་རྫོང་དབྱི་ཐོང་པུ་ལ་ཁེ་གྲོང་རྡལ་ཁོངས་གཏོགས་ཀྱི་ཁུལ་ཡིན་པ་དང་། སྨི3000ཡོད་པ་དེ་ནི་ཞིན་ཅང་ལྷོ་རྒྱུད་ནས་མཚོ་སྔོན་དུ་བསྐྱོད་སའི་འགག་སྒོ་དང་པོ་དེ་ཡིན། ཐུན་མོང་མ་ཡིན་པའི་ས་བབ་ཀྱིས་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་དེ་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་ལ་ ངོ་རྒོལ་བྱེད་པའི་མདུན་གྲལ་དུ་གནས་ཤིང་། ད་སྔ་ཆ་སྙོམས་ཀྱིས་ཉིན་རེར་འགྲོ་འོང་རླངས་འཁོར3000ལྷག་ཙམ་ཡོད་པ་དང་། འགྲོ་འོང་བྱེད་མཁན4500ལྷག་ཡོད།

མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚུགས་ཀྱི་ཉེན་རྟོག་སློབ་སྟོན་པ་ཀྲིན་ཧོས་ཅོན།

མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚུགས་ཀྱི་ཉེན་རྟོག་སློབ་སྟོན་པ་ཀྲིན་ཧོས་ཅོན་གྱིས་བཤད་རྒྱུར། ཞིབ་བཤེར་ས་ཚིགས་ཀྱིས་ཆུ་ཚོད་ཉེར་བཞིའི་ལས་རེས་གྲ་སྒྲིག་ལམ་ལུགས་ལག་བསྟར་བྱས་ཤིང་། མི་དམངས་ཉེན་རྟོག་པ་དང་། ལས་རོགས་ཉེན་རྟོག་པ28དང་། དྲག་ཆས་ཉེན་རྟོག་པ28བཅས་ ཀྱིས་གྲུབ་ཡོད་ཅིང་། ས་ཚིགས་འདིའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དུས་ཡིན་རིང་པོར་ཕྱི་རོལ་དུ་ལས་སྒྲུབ་བྱེད་ཀྱིན་ཡོད་པ་དང་། ཉིན་ནས་ཟླ། ཟླ་ནས་ལོ་བརྩེགས་ནས་བྱ་བ་ཧུར་ཐག་གིས་བསྒྲུབ་བཞིན་ཡོད་པ་མ་ཟད། གཟའ་མཇུག་དང་། རྒྱལ་སྤྱིའི་དུས་ཆེན། གུང་གསེང་ཉིན་མོ་བཅས་ཀྱི་སྐབས་སུའང་ཆུ་ཚོད24ཡི་རིང་དུ་ཞིབ་བཤེར་དང་འཛིན་བཟུང་གི་བྱ་བ་བསྒྲུབ་དགོས་པ་རེད། དཀའ་ཚགས་ཆེ་བ་དང་ ཉེན་ཁའི་རང་བཞིན་ཅུང་མཐོ་མོད། འོན་ཀྱང་ཞིབ་བཤེར་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དཀའ་ངལ་ཁྱད་བསད་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཞེས་པའི”བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱས་ཤིང་། “འདུ་ཤེས་བཞི”རྒྱུན་ ཆད་མེད་པར་ཆེ་རུ་བཏང་ནས། “གདེང་ཚོད་བཞི”སྲ་བརྟན་དུ་གཏང་བ། “སྲུང་སྐྱོང་གཉིས”ཐུབ་པ། ས་ཚིགས་གོང་འོག་ཡོངས་མཐུན་སྒྲིལ་གྱི་ལག་རྡིང་གཅིག་ཏུ་སྦྲེལ་ནས་བདེ་འཇགས་སྲུང་སྐྱོང་བརྟན་པོ་བསྐྲུན་པའི་འགན་ལེན་གྱི་བྱེད་སྒོ་གལ་ཆེན“བརྟན་ལྷིང་ཡོང་བར་ཁག་ཐག་བྱེད་པའི”ལས་ཀའི་དམིགས་ཚད་ལེགས་ སྒྲུབ་བྱེད་པ་དམིགས་སུ་བཟུང་ནས། པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ མཚོ་སྔོན་ལ་གཟིགས་ཞིབ་གནང་བ།  རྒྱལ་སྤྱིའི་དུས་སྟོན་ལོ་འཁོར70ལོན་པའི་རྟེན་འབྲེལ་ཆེན་མོ་སོགས་ཀྱི་ བདེ་སྲུང་ལས་འགན་གལ་ཆེན་ལེགས་སྒྲུབ་ཡག་པོ་བྱས་ཤིང་། ཐུན་མོང་གི་བྱས་རྗེས་རིམ་པ་དང་པོའི་བྱ་ དགའ་གཅིག་དང་། ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པའི་བྱ་དགའ་གཉིས་སོགས་ཀྱི་མཚན་སྙན་མང་པོ་ ཐོབ། 2008ལོར་མང་ཨེ་ཞིབ་བཤེར་ས་ཚུགས་བཙུགས་པ་ནས་བཟུང་བྲོས་བྱོལ་དུ་སོང་བའི་མི44བཟུང་བ་དང་དུག་རྫས་ཁེ390ལྷག་ཙམ་བཟུང་ཞིང་། བདེ་འཇགས་མིན་པའི་རྒྱུ་རྐྱེན་འབོར་

ཆེན་ཐད་ལ་ཤུགས་བསྣན་ནས་བདེ་འཇགས་བསྐྲུན་ཡོད་ཟེར།

མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུའུ་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚུགས་ཀྱི་ལས་རོགས་ཉེན་རྟོག་པ་ཧན་གོ་བེ།

དྲག་ཆས་ཉེན་རྟོག་པ་མཚོ་ནུབ་རུ་ཁག་མང་ཨེ་གྲོང་ཁྱེར་རུ་ཁག་གི་རུ་གཙོ་གཞོན་པ་ལིག་ཐོན་ཐོན།

དྲག་ཆས་ཉེན་རྟོག་པ་མཚོ་ནུབ་རུ་ཁག་མང་ཨེ་གྲོང་ཁྱེར་རུ་ཁག་གི་རུ་གཙོ་གཞོན་པ་ལིག་ཐོན་ཐོན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་དང་། ཁུལ་སྲིད་གཞུང་། མང་ཨེ་གྲོང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་རྒྱབ་སྐྱོར་དང་སེམས་ཁུར་ཤུགས་ཆེན་བྱས་པའི་གནས་ཚུལ་དང་། ས་གནས་ཀྱི་རྒྱུ་སྟོབས་ཧ་ཅང་དཀོན་པའི་གནས་ཚུལ་འོག སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ནས་ཞིབ་བཤེར་ས་ཚིགས་གསལ་པོར་བསྒྱུར་བ་དང་། སྔོ་ལྗང་ཅན་དུ་བསྒྱུར་བ། “སྲ་ཞིང་བརྟན་པ་བཅས་ཀྱི་འཛུགས་སྐྲུན་བྱ་རྒྱུར་སྤྱོད་ཀྱིན་ཡོད། ལྗང་མདོག་ནུས་མང་གི་དམག་སྒར་བཙུགས་ནས་ལུས་སྦྱོང་ཁུལ་དང་། ལྟ་ཀློག་ཁུལ་དང་ངལ་གསོའི་ཁུལ་བཅས་བཙུགས་ནས། ཉེན་རྟོག་པར་ཕྱོགས་ཡོངས་ནས་དྲོད་ཁོལ་སྦྱིན་པ་དང་རིག་གནས་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ངལ་གསོ་གླིང་དུ་འགྱུར་བ་མ་ཟད། ཞིབ་བཤེར་ས་ཚིགས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཏེ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ།  དྲག་ཆས་ཉེན་རྟོག་པ་སོགས་ལ་སྡོད་གནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་མ་ཟད། མང་ཨེ་སྤྱི་བདེའི་ཞིབ་བཤེར་ས་ཚིགས་ཀྱིས“ མང་ཚོགས་ལ་ཞབས་འདེགས་ཞུ་བའི་དྲོད་ཟམ་རྒྱུན་འཁྱོངས་བྱས་ཏེ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལྕགས་བྱང་དེ་དམིགས་འབེན་དུ་བཟུང་ནས།”“སྤྱི་བདེའི་གྲུབ་འབྲས་རྩེ་གྲ་གཏོད་གང་ཐུབ་བྱས་ནས་སྤྱི་བདེའི་ཞིབ་བཤེར་ས་ཚིགས་རྩེ་གྲ་བརྩོན་ལེན་བྱ་དགོས། ཞིབ་དཔྱོད་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་དྲག་དཔུང་ཚང་མར་མཚོ་སྔོན་གྱི་ནུབ་སྒོ་ཆེན་མོ་དམ་སྲུང་བྱེད་ཐུབ་པའི་ཡིད་ཆེས་ཡོད་”ཅེས་བཤད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་བདེ་འཇགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་བྱས་རྗེས་གསར་པ་འཇོག་དགོས་ཟེར།