ཁྲེན་ཡོན་ཧའེ་ཡིས་བུའུ་ལན་རྫོང་གི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེ་བ་བཞག་ཡོད།
2019.11.05 ཁུངས། ཀློག་གྲངས། 58

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ10ཚེས30ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་རྫོང་དེའི་དམངས་གཉེར་ཁེ་ལས་པ་ཁྲིན་ཡོན་ཧའེ་ལ་བཅར་འདྲི་བྱས།

བུའུ་ལན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་དམངས་གཉེར་ཁེ་ལས་པ་ཁྲིན་ཡོན་ཧའེ།

རྒྱུས་ལོན་པ་ལྟར་ན། ཁྲིན་ཡོན་ཧའེ་ཡིས2011ལོར་ཕུགས་བསམ་ཁྱེར་ནས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ་དུ་ལས་ལམ་གསར་འབྱེད་བྱེད་དུ་ཡོང་བ་དང་། འདི་ནས་སེམས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད། གནས་འདིར་མ་ཡོང་གོང་། ཁོང་གིས་ཕ་ཡུལ་—ཧྥུ་ཅན་ཞིང་ཆེན་ནས་ཞིང་པར་སྨན་རྫས་ཉོ་ཚོང་བྱེད་ཀྱི་ཡོད། སྟེས་དབང་གི་གོ་སྐབས་ཤིག་གིས། ཁོས་ཚོང་དང་མ་རྩ་འདྲེན་འགུགས་བྱས་པ་བརྒྱུད་མཚོ་སྔོན་གྱི་མཚོ་ནུབ་ཏུ་སླེབས། འདི་ནས་མཚོ་ནུབ་ཀྱི་འཕེལ་རྒྱས་དང་མི་ཚེའི་ཕུགས་འདུན་གྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད།

“ཐེངས་དང་པོར་མཚོ་ནུབ་ལ་སླེབས་རྗེས་མཚོ་ནུབ་ནི་དེ་འདྲའི་ས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པའི་སྣང་བ་ཞིག་སྐྱེས་བྱུང་། ས་སྟོང་ལུང་སྟོང་ཞིག་ཡིན་མོད། འོན་ཀྱང་འདི་ནས་བྱ་བ་མང་པོ་བསྒྲུབ་ཆོག་གི་རེད།”ཞེས་ཁྲིན་ཡོན་ཧའེ་ཡིས་བཤད།

2014ལོར་ཁོས་རང་ཉིད་ཀྱི་ཀུང་སི—མཚོ་སྔོན་ཀྲུང་མོའུ་ཉོ་སྒྲུབ་ལས་རིགས་ཚད་ཡོད་ཀུང་སི་བཙུགས་པ་དང་། ཀུང་སིས་གཙོ་བོ་ས་ཁང་བདག་ཁོངས་གསར་སྤེལ་དང་། ཕྱིར་འཚོང་། བོགས་གཏོང་། སྡེ་ལས་དོ་དམ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྤེལ་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་མཛེས་རྒྱན། ཁྱིམ་གཞིའི་མཛེས་སྤྲས་དང་། ཐོག་ཁང་རྙིང་པའི་བཤིག་སྤོ། དངོས་རྫས་མཁོ་སྤྲོད། རླངས་འཁོར་འཇོག་སའི་ཞབས་ཞུ། ཚོགས་འདུའི་ཞབས་ཞུ། སྒྲུབ་འགན་འཁུར་བའི་བཤམས་སྟོན་བྱེད་སྒོ་སོགས་སྣ་མང་ཡོད།

བུའུ་ལན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་དམངས་གཉེར་ཁེ་ལས་པ་ཁྲིན་ཡོན་ཧའེ་ཡིས་བཤད་རྒྱུར། རང་ཉིད་དམངས་གཉེར་ཁེ་ལས་པ་དང་བུའུ་ལན་རྫོང་གི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཁྲིན་ཡོན་ཧའེ་ཡིས་ལས་དོན་ལེགས་པོ་སྒྲུབ་པ་དང་དུས་མཚུངས་སུ། སྤྱི་ཚོགས་ལ་སྟོབས་ཤུགས་ཧུར་ཐག་འབུལ་པ་དང་། རང་རྟོགས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཐོག་ཧུར་ཐག་སྒོས་ཞུགས་ཏེ་སེམས་ནུས་ཡོད་དགུ་བཏོན་ནས་གྲུབ་འབྲས་ཐོན་པ་དང་། ཁེ་ལས་ཀྱི་བདག་པོར་སྤུས་ཚད་མཐོན་པོ་དང་རིན་ཐང་མཐོན་པོའི་དམངས་འཚོའི་སྡོད་ཁང་གི་ཐོན་རྫས་དང་སྤུས་ཚད་མཐོ་བའི་ཞབས་ཞུ་མཁོ་འདོན་བྱེད་ལ། སྡོད་ཁང་གསར་སྤེལ་གྱི་སྔར་ཡོད་བཟང་ཆ་སྲ་བརྟན་གཏོང་བའི་རྨང་གཞིའི་ཐོག  ལས་སྒོ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་ནས།“ས་ཁང་བདག་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་”ཐོན་ལས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ཁེ་ལས་བཙུགས་པ་ནས་བཟུང་། ཁྲེིན་ཡན་ཧའེ་སྤྱི་ཕན་བྱེད་སྒོ་སྣ་ཚོགས་སུ་ཧུར་ཐག་སྒོས་ཞུགས་ཏེ། ལོ་རེར་དབུལ་སྐྱོར་དཀའ་སེལ་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། གྲོང་ཚོའི་དབུལ་ཕོངས་དུད་ཚང་མང་པོར་བདེ་སྡུག་འདྲི་བ་དང་། མ་དངུལ་དང་དངོས་ཟོག་ཞལ་འདེབས་སྒོར་ཁྲི་བརྒྱ་ཙམ་བཏང་ཞིང་། དབུལ་སྐྱོར་ལས་དོན་གྱི་འགག་སྒྲོལ་ཁུལ་དུ་ཡང་འབད་བསྐྱར་འབད་བྱས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཟེར།