རིག་གནས་ལོ་རྒྱུས་ཀྱི་ཀློང་ལ་འགྲིམས་པའི—ཀྲང་ཀྲིན་ལེན།
2019.11.05 ཁུངས། ཀློག་གྲངས། 48

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔེ་ཀློག་ཁང་ལ་སོང་ནས་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲིན་ལེན་ལ་བཅར་འདྲི་བྱེད་འགོ་བརྩམས།

ཀྲང་ཀྲིན་ལེན་ནི་མཚོ་སྔོན་མེན་ཧོས་མི་ཡིན་ལ། 1965ལོར་འཁྲུངས། མཚོ་སྔོན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་པ་རེད། ཚྭ་འདམ་ནས་ལོ་ངོ30ཡི་ལས་ཀའི་ཁྲོད། སྔ་རྗེས་སུ་སློབ་འབྲིང་གི་དགེ་རྒན་དང་། དུས་དེབ་རྩོམ་སྒྲིག་པ་དང་གཞུང་ཞབས་པ་བཅས་བྱས་མྱོང་ཞིང་། རྒྱལ་རབས་རིམ་བྱུང་《ཚྭ་འདམ་གསར་སྤེལ་ཞིབ་འཇུག》ལག་བསྟར་བྱེད་པའི་རྩོམ་སྒྲིག་པ་གཙོ་བོ་དང་། ཏུའུ་ལན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ད་ལྟ་མཚོ་ནུབ་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་ནུབ་ཁུལ་སྐབས་གསུམ་པའི་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱི་འགན་བཞེས། ཁོང་ནི་ས་གནས་རིག་གནས་ལོ་རྒྱུས་ལ་དགའ་བ་མ་ཟད། མཚོ་ནུབ་ཤེས་རྟོགས་ཀློག་དེབ་《མཚོ་བོད་ལྕགས་ལམ་སྟེང་ནས་ཏུའུ་ལན་ལ་ལྟ་བ》《མཚོ་སྔོན་དང་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་མདོར་བསྡུས་》《ཚྭ་མཚོ་ཆེན་མོ》《ཚྭ་འདམ་ཀུན་ཀློག》ཞེས་པའི་དཔེ་དེབ་སོགས་ཀྱི་ཇུས་འགོད་དང་རྩོམ་སྒྲིག་པ་གཙོ་བོ་ཡིན་པ་དང་སྔ་གཞུག་ཏུ་དཔེ་དེབ30ལྷག་པར་བསྐྲུན་བྱས་ཡོད།

མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲིན་ལེན།

གསར་འགོད་པས་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲིན་ལེན་ལ་བཅར་འདྲི་བྱེད་སྐབས་ཁོས་བཤད་རྒྱུར། མཚོ་ནུབ་ཁུལ་གྱིས་ཚྭ་འདམ་གཞུང་གསར་སྤེལ་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་དང་། དོན་རྐྱེན་གལ་ཆེན། མི་སྣ་གལ་ཆེན་བཅས་ཀྱི་ཡིག་ཚགས་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ནས་མཚོ་ནུབ་ཁུལ་གྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། 1988ལོ་ནས་བཟུང《མཚོ་ནུབ་རིག་གནས་ལོ་རྒྱུས་རྒྱུ་ཆ》རྩོམ་སྒྲིག་དཔེ་སྐྲུན་བྱས་པར་ཁྱོན་དེབ21དང་ཡིག་འབྲུ་ཁྲི145.8ཡོད་པ་དང་། 《ཚྭ་འདམ་གཞུང་གསར་སྤེལ་ལོ་རྒྱུས》དང་། 《ལས་གཏོད་ཟིན་ཐོ།》 《ཨུ་ཡོན་གྱི་མིང་ཐོ》སོགས་དེབ་རྐྱང་པ་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྤེལ་བྱས་པ། དུས་ཡུན་ལོ་བཞིའི་རིང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་དཔེ་ཚོགས་ཏེ《ཚྭ་འདམ་གཞུང་རིག་གནས་ལོ་རྒྱུས་ཀྱི་དཔེ་ཚོགས》ལེགས་པར་བཏོན་པ་ཁྱོན་རིགས5དང་དེབ30ཡོད།《ཚྭ་འདམ་གཞུང་གི་བསྟན་པའི་ལས་འབྲེལ》ཞེས་པའི་བརྙན་དེབ་དཔེ་སྐྲུན་བྱས་ཟིན་པ་དང་། 《ཚྭ་འདམ་གཞུང་སོག་པོའི་ལོ་བརྒྱའི་ཟིན་ཐོ》ཞེས་པའི་ལོ་རྒྱུས་རྒྱུ་ཆ་མི་འགྱང་བར་པར་སྐྲུན་བྱ་རྩིས་ཡོད། 《མཁས་པའི་པིར་རྩེ་ན་འཕྱོ་བའི་ཚྭ་འདམ་གཞུང》དང་ཚྭ་འདམ་གཞུང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས་འདོན་ཐེངས་དྲུག་པ་མ་གདན་བྲིས་ཚར་བ་དང་། 《ན་འདམ་ཚྭ་འདམ་གཞུང》པར་འདེབས་ཀྱི་དུས་མཚམས་སུ་སླེབས་ཡོད་པ། 《མཚོ་ནུབ་སྲིད་གྲོས་ཀྱི་གཟི་ཉམས》སྤེལ་འགོ་བརྩམས། 《མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ》འདོན་ཐེངས22པ་དང་རིག་གནས་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་དཔེ་དེབ་རྩོམ་སྒྲིག་བྱས་ཟིན་པ་ཡིན་ཞེས་གསར་འགོད་པར་ངོ་སྤྲོད་བྱས།