མང་ཨེ་གྲོང་ཁྱེར་ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་གི་འཁོར་སྐྱོད་གནས་ཚུལ།
2019.11.05 ཁུངས། ཀློག་གྲངས། 55

 ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང་མང་ཨེ་གྲོང་ཁྱེར་ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་ལ་ཡོང་ནས་གནམ་གྲུ་ཐང་གི་འཁོར་སྐྱོད་གནས་ཚུལ་ཐད་བཅར་འདྲི་བྱས།

ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡན་ཏུང་ཞུན་གྱིས་སྨྱན་སྦྱོར་གསར་འགོད་པར་གནམ་ཐང་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

རྒྱུས་ལོན་པ་ལྟར་ན། ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་ནི2014ལོའི་ཟླ3པར་དངོས་སུ་འཛུགས་སྐྲུན་བྱས་པ་དང་། 2015ལོའི་ཟླ6པའི་ཚེས26ཉིན་གནམ་གྲུ་ཤར་གཏོང་འགོ་བརྩམས་པ་དང་། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར6.67ཟིན་ཡོད་ལ། ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་ནི་རྒྱལ་ནང་གི་ཡན་ལག་གནམ་གྲུ་ཐང་ཆུང་བའི་གྲས་ཡིན་ཞིང་། འཕུར་སྐྱོད་ས་ཁུལ་གྱི་དམིགས་ཚད་རིམ་པ་ནི4Cཡིན་པ་དང་། གཙོ་བོ་ས་གནས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། བབ་བསྟུན་མྱུར་སྐྱོབ་དང་མཁའ་འགྲུལ་བེད་སྤྱོད་བྱེད་པར་ཕན་ཚུན་ལྟ་རྟོག་བྱ་རྒྱུ་དང་། གནམ་གྲུ་འབབ་ཐང་གི་ཉེ་དུས་ཀྱི་འཆར་འགོད་དམིགས་ཚད་དེ2020ལོར་སླེབས་དུས། ལོ་རེར་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི9ཟིན་པ་དང་། ལོ་རེའི་མཁོ་ཆས་ཀྱི་འདོན་འཇུག་བྱེད་ཚད་ཏུན100ཟིན་པ་དང་། གནམ་གྲུ་འཕུར་ཐེངས1148སླེབས་པ་རེད།

གནམ་གྲུ་ཐང་གི་དྲང་ཐིག་བར་ཐག་ནི་གྲོང་ཁུལ་གྱི5.8དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང194.7དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2905.4བཅས་ཡོད། ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་འཛུགས་སྐྲུན་གྱི་རིང་ཚད་ལ་སྨི3600ཡོད་ལ། རྒྱུག་ལམ་གྱི་ཞེང་ལ་སྨི45ཡོད་པ་དང་། ཞེང་ལ་སྨི18ཡོད་པའི་དྲང་འཕྱང་འབྲེལ་གཏུག་ལམ་ཐིག་གཅིག སྨི་ཁྲི22812.5ཡོད་པའི་འབབ་སྟེགས་འཛུགས་སྐྲུན་བྱས་ཡོད་པ་དང་། གནམ་གྲུའི་འབབ་སྟེགས4འཆར་འགོད་བྱས་ཡོད།(2CBC)

ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་གི་གནམ་གྲུ་ཤར་གཏོང་བྱས་རྗེས། ཐོག་མའི་མཁའ་ལམ་ནི་ཧྭ་ཐུའུ་ཀུའུ་ནས་ཏུན་ཧོང་། དེ་ནས་ཟི་ལིང་བར་ཡིན་ལ། གཟའ་འཁོར་རེར་ཐེངས་གཅིག་ལ་འཕུར་བཞིན་ཡོད། 2016ལོའི་ཟླ6པའི་ཚེས2ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཐོག ས་ཁུལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་ཆེད་ས་གནས་མང་ཚོགས་ཀྱིས་མཁའ་འགྲུལ་ཕྱིར་སྐྱོད་ཀྱི་དམངས་འཚོའི་དགོས་མཁོ་ལོངས་སུ་སྤྱོད་རྒྱུར་འགན་ལེན་བྱས་ཤིང་། མིག་སྔར་“ཞི་ཨན་དང་། ཏུན་ཧོང་། ཧྭ་ཐུའུ་ཀུའུ་བཅས་ལ་དུས་གཏན་འཕུར་སྐྱོད་བྱེད་བཞིན་ཡོད་ལ། གཟའ་འཁོར་རེར་གཟའ་ཟླ་བ། གཟའ་མིག་དམར། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་ཤར་མཁའ་འགྲུལ་གྱིས་ནུབ་བྱང་ཡན་ལག་ཀུང་སིའིA319རྟགས་ཅན་གྱི་གནམ་གྲུ་འཕུར་གཏོང་བྱེད་བཞིན་ཡོད། ཧྭ་ཐུའུ་ཀུའུ་ནས་ཏུན་ཧོང་བར་མཁའ་ལམ་གྱི་པ་སེ་རིན་གོང་དམའ་ཤོས་སྒོར190རེད།

ཧྭ་ཐུའུ་ཀུའུ་གནམ་གྲུ་ཐང་གིས་གོང་རིམ་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གནམ་གྲུ་ཐང་གི་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་ནུས་ཤུགས་ཡོད་དགུས་འགན་སྲུང་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་བྱས་རྗེས་གསར་པ་བཞག་ཡོད།