ཐེམ་ཆེན་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ལ་ལེའུ་གསར་བ་བརྩམས།
2019.11.06 ཁུངས། ཀློག་གྲངས། 133

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང༼་མདོ་སྨད་བོང་སྟག་གམ་ལྷ་མཚོའི་འབྱུང་ཡུལ་བྲག་དཀར་ཐེམ་ཆེན་རྫོང་།༽དུ་ཡོང་ནས་ཐེམ་ཆེན་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་ཐད་ནས་བཅར་འདྲི་བྱས།

འགན་ཁུར་བ་བའོ་ཝན་ཀྲུང་གིས་གསར་འགོད་པ་རྣམས་ལ་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་དང་གྱང་ངོས་སུ་བཀལ་ཡོད་པའི་འདྲ་པར་རེ་རེའི་གཏམ་རྒྱུད་དག་ངོ་སྤྲོད་ཀྱི་ཚུལ་དུ་བཤད། བའོ་ཝན་ཀྲུང་ནི་ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྫོང་བཟོ་ཚོང་ལྷན་འབྲེལ་གྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རྫོང་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། 2019ལོར་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་བའི་ཚུན་ལ། ཁོ་ལོ་རེ་རེར་བཞིན་གཞི་རིམ་དུ་བསྐྱོད་ནས་མི་སེར་གྱི་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཤིང་། ནན་ཏན་གྱིས་བརྟག་དཔྱད་སྙན་ཞུ་བྲིས་ནས་ཨུ་ཡོན་ཞིག་གི་འོས་འགན་ལེགས་པར་བསྒྲུབས་པ་རེད། ཨུ་ཡོན་གྱི་འགན་བཞེས་པའི་ལོ་འདི་དག་གི་རིང་ལ། ཁོས་ཧུར་ཐག་གིས་གོང་རིམ་སྡེ་ཁག་ལ་སློབ་གསོའི་འཕེལ་རྒྱས་དོ་མི་མཉམ་པ་དང་། མི་རིགས་མཐུན་སྒྲིལ་སྐོར་གྱི་བསམ་ཚུལ་སོགས་ཀྱི་གྲོས་གཞི་ཕུལ་བར་གོང་རིམ་འགོ་ཁྲིད་ཀྱིས་མཐོང་ཆེན་གདེང་འཇོག་མཐོན་པོ་བྱས།

བའོ་ཝང་ཀྲུང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཉིན་དེའི་བཅར་འདྲིའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་ལྟེ་གནས་འདི་ནི2010ལོའི་ཟླ7པར་བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9347.12ཡོད་ལ། བརྩེགས་གཉིས་དང་དེའི་ནང་དུ་བྱ་འགུལ་ཁང18སྐྲུན་ནས་ཐེམ་ཆེན་རྫོང་ན་ཆུང་བྱ་འགུལ་ལྟེ་གནས་སུ་བསྒྱུར་ནས་བཀོལ་སྤྱོད་བྱས་པ་རེད།  2015ལོར། མཚོ་ནུབ་ཁུལ་དང་ཐེམ་ཆེན་རྫོང་གི་སྡེ་ཁག་ཁ་ཤས་ཀྱི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ཆེད་སྤྱོད་མ་དངུལ་དང་། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་མ་དངུལ། ཀྲེ་ཅང་ཉིན་པོའོ་གྲོང་ཁྱེར་སྤྱིའི་བཟོ་ཚོགས་དང་ཉིན་པོའོ་གྲོང་ཁྱེར་ཧེ་ཧྲོའོ་ས་ཁུལ་གྱི་སྤྱིའི་བཟོ་ཚོགས་ཀྱི་འཛུགས་སྐྲུན་རོགས་དངུལ་བཅས་ཁྱོན་བསྡོསམ་པས་མ་དངུལ་ས་ཡ་བརྒྱད་ལྷག་བརྩོན་ལེན་བྱེད་ཐུབ་པར་གྱུར་ནས། ལོ་ཕྱེད་ཙམ་གྱི་ནང་དུ་སྔར་གྱི་ན་ཆུང་བྱ་འགུལ་ལྟེ་གནས་ནས་ཐེམ་ཆེན་རྫོང་ལས་བཟོ་མང་ཚོགས་ཀྱི་བྱ་འགུལ་ལྟེ་གནས་སུ་འཛུགས་སྐྲུན་ལེགས་བསྒྱུར་བྱས་པ་རེད་འདུག

བའོ་ཝང་ཀྲུང་གིས་བཤད་རྒྱུར། མིག་སྔར། བྱ་འགུལ་ལྟེ་གནས་འདི་རུ་ལས་བཟོ་བའི་ཞབས་ཞུ་ལྟེ་གནས་དང་། བརྩེ་ཆེན་སྙིང་རྗེ་ཁང་། སྣེ་ལེན་ཁང་། གླུ་གར་ཁང་། ནུས་མང་ཚོམས་ཁང་། 3རྡེ་གློག་བརྙན་ཁང་། དཔེ་གཟིགས་ཁང་། ངལ་རྩོམ་དཔེ་ལེགས་པའི་ལས་སྒྲུབ་ཁང་། ལུས་སྦྱོང་རྩལ། ཁམས་གསོ་ལྟེ་གནས་སོགས་ཀྱི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད་པ་དང་། དུས་མཚུངས་སུ། ལས་བཟོ་མང་ཚོགས་ཀྱི་བྱ་འགུལ་ལྟེ་གནས་དེ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཡོན་བྱ་འགུལ་ལྟེ་གནས་དང་། ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས། རྫོང་ཨུའི་ཁྱིམ་སྲིད་ཞབས་ཞུ་ལྟེ་གནས་བཅས་དང་མཉམ་བསྲེས་བྱས་ཏེ། མི་དམངས་ལ་ནུས་ཆོད་མཐོ་བའི་ཞབས་ཞུ་བསྒྲུབས་བཞིན་ཡོད་ཟེར།