2020ལོའི་ཟླ2པའི་ཚེས14ཉིན་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་གནས་ཚུལ།
2020.02.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

2020ལོའི་ཟླ2པའི་ཚེས14ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ་གཅིག་ཀྱང་ཇེ་མང་དུ་སོང་མེད་པ་དང་། ནད་པ་ལྕི་མོ་ཡང་ཇེ་མང་དུ་སོང་མེད། རིམས་ནད་ལས་འདས་པའི་ནད་པ་གཅིག་ཀྱང་མེད་པ་དང་། ནད་དྲག་ནས་ཕྱིར་བུད་པའི་ནད་པ་ཡང་མེད།  ཉིན་དེར་གསར་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ་དང་དོགས་ཡོད་ནད་པ་གཅིག་ཀྱང་མེད།

ཟླ2ཚེས14ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ18ཡོད་ཅིང་།  ནད་པ་ལྕི་མོ2དང་། འདས་པའི་ནད་པ་མེད།  ནད་དྲག་སྟེ་སྨན་ཁང་ནས་ཕྱིར་བུད་པ11ཡོད། སྔ་གཞུག་ཏུ་ནད་རྟགས་ཐག་བཅད་པའི་ནད་པའི་ཁྲོད་དུ། ཟི་ལིང་གྲོང་ཁྱེར་དུ་ནད་པ15ཡོད་པ་དང་། མཚོ་བྱང་ཁུལ་དུ་ནད་པ3ཡོད། ནད་རྟགས་ཐག་བཅད་ཟིན་པའི་ནད་པ7ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

མིག་སྔར་ནད་པར་འབྲེལ་འདྲིས་ཡོད་པའི་མི437ལ་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་ལ།   མི109ལ་ནད་འགོས་མེད་པས་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག  མི328ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།