མཚོ་ལྷོའི་ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2020.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་སྒྲུབ་པའི་ཞོར་དུ། ཟླ་གསུམ་པའི་ཚེས་གཅིག་ཉིན་དངོས་སུ2020ལོའི་ངར་ཤུགས་ཆེར་སྐྱེད་དང་རིམས་ནད་སྔོན་འགོག་བྱེད་པ། གཏན་འཇགས་དབུལ་ཐར་བྱེད་པ། འབྱོར་འབྲིང་སྔོན་བསུ་བྱེད་པ་བརྗོད་སྙིང་དུ་བྱས་པའི་ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཚོད་ཉིན་བཞི་བཅུའི་རིང་ཡིན་ལ། ཟླ་བཞི་བའི་ཚེས་བཅུ་ཉིན་མཇུག་བསྒྲིལ་རྒྱུ་རེད། མི་སྣ་སྐོང་འཐེན་ཕྱོགས་ནས། དབུལ་ཕོངས་སྡེ་བའི་གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པ་ནི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་རུ་ཁག་གཙོར་བྱས་པ་དང་། སྡེ་སྡོད་ལས་བྱེད་པ་མེད་པའི་སྡེ་བ་རུ། འགན་ལེན་ལས་བྱེད་པ་གཙོ་བྱས་ནས། སྡེ་བ་རེ་རེར་མི་གཉིས་ནས་གསུམ་བཀོད་སྒྲིག་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པ་སྡེ་བ་རེ་རེར་ཐོན་པ་དང་ཁྱིམ་ཚང་རེ་རེར་ཐོན་པ་ཁག་ཐེག་བྱེད་རྒྱུ་རེད།

བྱ་འགུལ་གོ་རིམ་ཁྲོད། གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པས་མུ་མཐུད་དུ་ཞིང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་སོགས་ཕྱོགས་ཀྱི་སྲིད་ཇུས་སྡེ་བ་དང་ཁྱིམ་ཚང་དུ་དྲིལ་སྒྲོག་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཏང་གི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་རྒྱུན་མཐུད་ངང་དྲིལ་སྒྲོག་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བསྒྱུར་བྱེད་པ། ཕྱོགས་བསྡུས་སྒོས་སྲིད་ཇུས་སྤྱོད་པ་དང་ཐོན་ལས་དབུལ་ཐར་ལག་བསྟར་བྱེད་པ་སོགས་ཕྱོགས་ནས་ཕན་ཡོད་གྱི་གྲོས་གཞི་བཏོན་ནས། དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་རྒྱུ་རེད། དེ་ལས་གཞན། རྣམ་པ་མང་བའི་ཞིང་སྐྱོར་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱིས་ཞིང་ཕྱུགས་ལས་ཐོན་སྐྱེད་དང་སྡེ་དམངས་ཀྱི་ལས་ཞུགས། རོང་འབྲོག་ཁུལ་གྱི་སྲོལ་ངན་བསྒྱུར་བ་སོགས་ཐད་གནས་པའི་གནད་དོན་ཐག་གཅོད་པར་རོགས་བྱེད་པ་མ་ཟད། སྡེ་དམངས་ཚོས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཞིང་སྡེའི་ལྗང་བསྒྱུར་མཛེས་བསྒྱུར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བར་རོགས་བྱས་ཏེ། མཛེས་སྡུག་གི་ཞིང་སྡེ་དང་ཆེས་མཛེས་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།