མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་བརྒྱ་དང་སོ་ལྔ་ཞིང་ཆེན་རིམ་པའི་ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོ་རུ་འདེམ་པའི་མིང་ཐོ་ཁྲོད་བཞག
2020.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65


ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས2020ལོའོ་ཞིང་ཆེན་རིམ་པའི་ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་སྡེ་བ་བརྒྱ་དང་སོ་ལྔ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོ་རུ་འདེམ་པའི་མིང་ཐོ་ཁྲོད་བཞག

ཐེངས་འདིར་གཏན་ཁེལ་བྱས་པའི་ཞིང་སྡེའི་གནས་སྐོར་སྡེ་བ་གཙོ་བོ་བརྒྱ་དང་སོ་ལྔ་པོ་དེ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་ཁྱབ་ཡོད་ལ། དེའི་ཁྲོད་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞཱ་གྲོང་རྡལ་ཁང་ལི་སྡེ་བ་དང་ཧོང་ཀྲུང་ལན་ལུང་ཁུག་གྲོང་རྡལ་ཁཱ་དབྱང་སྡེ་བ། ཧོང་ཡོན་རྫོང་ཧི་ཕེན་ཞང་ཀའོ་ལེན་སྡེ་ཆུང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཞང་ཧུང་ཀོང་སྡེ་བ་སོགས་འདུ།

ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོའི་མིང་ཐོ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་རིག་གནས་དང་གནས་སྐོར་སྲིད་འཛིན་དོ་དམ་སྡེ་ཁག་གིས་དཔྱད་འཇོག་ཐོག་མ་དང་ངོ་སྤྲོད་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཞིང་སྡེ་རིག་གནས་གནས་སྐོར་རིམ་པ་དཔྱད་འཇོག་གཏན་ཁེལ་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱེད་རྒྱུ་རེད།

ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོའི་དཔྱད་འདེམ་ཐད་ནས་རིག་གནས་དང་གནས་སྐོར་ཐོན་ཁུངས་ཀྱི་རིན་ཐང་དང་འགུག་ཤུགས་ཡོད་དགོས་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་འཆར་འགོད་དང་ཁྱད་ལྡན་གནས་སྐོར་ཐོན་རྫས། སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཕན་འབྲས་ལ་སྣེ་ཁྲིད་བྱེད་པ། ཁྱབ་གདལ་བསྐྱར་དཔར་གྱི་ཉམས་མྱོང་བཅས་ཡོད་དགོས་པ་དང་། དེ་དང་མཉམ་དུ་སྡེ་བ་གཙོ་བོའི་རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག་སོགས་ཐད་ལ་རེ་བ་ཅུང་མཐོན་པོ་བཏོན་ཡོད། མིང་ཐོ་ཁྲོད་བཞག་པའི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་གནས་སྐོར་སྡེ་བ་གཙོ་བོ་དེ་དག་གིས་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་གནས་སྐོར་གྱིས་དམངས་སྲོལ་རིག་གནས་དང་སྐྱེ་ཁམས་འཐོག་འཐུ། སྐྱེ་ཁམས་སྤྲོ་གསེང་སོགས་བརྗོད་དོན་དང་ཁྱད་ཆོས་མི་འདྲ་བའི་སྤྲོ་གསེང་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཁྱད་ལྡན་ཞིང་སྡེ་གནས་སྐོར་དང་ཁྱད་ལྡན་ཞིང་སྡེ་དམངས་སྲོལ་དུས་ཆེན་གྱིས་ཞིང་ཆེན་ཕྱི་ནང་གི་འགྲུལ་བ་མང་པོ་ནང་འགུག་བྱས།

རིན་ཆེན་མཚོས་བསྒྱུར།