ད་ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྕི་མོའི་སྲོག་སྐྱོབ་སྨན་བཅོས་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་བསླེབ་པར་བྱེད་རྒྱུ་རེད།
2020.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་བདེ་ཐང་དབུལ་སྐྱོར་གྱི་སྐོར་ཁག་གཅིག་ཅན་གསུམ་གྱི་འགུལ་སྐྱོད་སྤེལ་ནས། ནད་རིགས་ལྕི་མོ་སུམ་ཅུ་ལ་སྨན་བཅོས་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱི་གསར་སྣོན་ནད་རིགས་སྨན་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། སྨན་བཅོས་བྱེད་འོས་པ་ཚང་མར་སྨན་བཅོས་བྱེད་པ་དང་། དབུལ་ཕོངས་མི་གྲངས་ཀྱི་ནད་ལྕི་མོ་སྨན་བཅོས་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་བསླེབ་པར་བྱེད་རྒྱུ་རེད།

2019ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བའི་ཐད་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི2019ལོར་ཧ་ཅང་དབུལ་ཕོངས་ཡིན་པའི་མི་མེད་པར་བྱེད་པའི་དམིགས་འབེན་ལ་དམིགས་ནས། བདེ་ཐང་དབུལ་སྐྱོར་གྱི་དབུལ་ཕོངས་མེད་པར་བཟོ་བ་དང་ལོ་ཧྲིལ་བོའི་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་གནད་དོན་གྱི་སྟོང་ཆ་མེད་པར་བཟོས་ལ། ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ནད་བྱུང་ནས་དབུལ་བོར་གྱུར་བའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས2016ལོའི་མི་ཁྲི་བདུན་དང་སྟོང་བརྒྱད་ནས2019ལོའི་ལོ་སྨད་ཀྱི་མི་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་རུ་ཇེ་ཉུང་དུ་སོང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བསྟུད་མར་ལོ་གསུམ་རིང་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་སྡེ་ཁག་ཏུ་བདམས།

2020ལོར། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་ཁྱིམ་ཚང་སྨན་པའི་གྲོས་མཐུད་འགོད་པའི་ཞབས་ཞུ་དང་དལ་བའི་རང་བཞིན་གྱི་ནད་བྱུང་བའི་དབུལ་ཕོངས་ནད་པའི་གྲོས་མཐུན་འགོད་པའི་ཞབས་ཞུ་དོ་དམ་ཡོངས་སུ་ཁེབས་པར་བྱེད་རྒྱུ་རེད། དབུལ་ཕོངས་མི་གྲངས་ཀྱི་སྔོན་ལ་སྨན་ཁང་དུ་འདུག་པ་དང་རྗེས་སུ་རྩིས་རྒྱག་པའི་ཞབས་ཞུའི་རྣམ་པ་དང་ས་ཚིགས་གཅིག་ཅན་གྱི་རྩིས་རྒྱག ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱིས་ནད་སྟོན་སྨན་བཅོས་བྱེད་སྐབས་རིན་མེད་དྲུག་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། བདེ་ཐང་དབུལ་སྐྱོར་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་རྫོང་དང་ཞང་། སྡེ་བའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཚད་གཞི་ལག་བསྟར་ནན་མོ་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ་དང་། དུས་ལྟར་མི་སྣའི་བཀོད་སྒྲིག་བྱས་ཏེ། རྫོང་དང་ཞང་། སྡེ་བའི་ལས་ཁུངས་དང་མི་སྣའི་སྟོང་ཆ་མེད་པར་བཟོ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།