མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ནང་གི་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད50%ཟིན་པའི་ཞིང་ཆེན་དང་པོ་རུ་གྱུར།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ནུས་ཁུངས་གཙང་མའི་ཐོན་ལས་ནི་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་གཙོ་ཤུགས་དམག་ཡིན་པ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ་ཁྲི1609ཟིན་པ་དེས། ཞིང་ཆེན་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་གྱི་50.48%བཟུང་ནས། ཀྲུང་གོའི་ནུས་ཁུངས་གསར་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་50%ཟིན་པ་དེས། མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ནང་གི་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་ཀྱི་ཞིང་ཆེན་དང་པོར་གྱུར་ཡོད་པ་གསལ་བཤད་བྱས།

ན་ནིང་རྒྱལ་ཁབ་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་འཆར་འགོད་ལ་ཆོག་མཆན་ཐོབ་པ་ནས། ད་ལོ་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ནུས་ཁུངས་གཙང་མ་སྤྱོད་ཀྱིན་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དུ། (དུས་ཐེངས་དང་པོ)སྤྱོད་འགོ་ཚུགས་པ་དང་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལམ་བུའི་སྟེང་གོམ་པ་སྤོས་ནས། མིག་སྔར་འཛམ་གླིང་སྟེང་གི་ཉི་འོད་ནུས་པའི་གློག་འདོན་གྱི་གཞི་ཁྱོན་ཆེས་ཆེ་ཤོས་དང་དྲ་རྒྱ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད། ཟླ་4པའི་ཟླ་མཇུག་བར་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་གློག་འདོན་ཚད་དུས་མཚུངས་ལས17.36%འཕར་ཏེ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པའི་ཉིན་མོར་གློག་འདོན་ཚད་ཆེ་ཤོས་སྟོང་ཝ་ཁྲི་9670ཟིན་ནས། སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།