མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་བ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།
2020.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་བ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ལོ་ཞེ་ལྔ་མན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པ་བཞི་བཅུ་དུས་ཡུན་བཅོ་ལྔ་རིང་གི་གསོ་སྦྱོང་ལ་ཞུགས།

སྐབས་འདིའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པ་ཡིན་ལ། ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཛིན་གྲྭ་གཙོ་བོ་གྲས་ཀྱི་གཅིག་ཡིན། 2007ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་འགོ་བརྩམས་པ་དང་། མིག་སྔའི་བར་དུ་བསྟུད་མར་སྐབས་བཅུ་བཞི་བསྡུས། འཛིན་གྲྭ་བསྒྲུབ་པའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྫོང་དངགཁྲུའུ་རིམ་པའི་མི་རིགས་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཁ་བྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་དང་ཁས་ལེན་བཞི། སྲུང་སྐྱོབ་ལྔ་ཡི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་ཆུ་ཚད་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད།

མཚམས་སྦྱོང་བྱས་པ་ལྟར་ན། གསོ་སྦྱོང་ཐད་ནས་སློབ་ཁང་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད་གཉིས་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་སྒོས་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། དཔེ་གཞི་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་སྟངས་སྣ་མང་སྤྱད་པ་མ་ཟད། རང་སྦྱོང་དང་ཟུར་ཁྲིད། ཞིབ་སྡུར། བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་གཞི་རྩའི་གཞུང་ལུགས་དང་ཏང་གཤིས་སློབ་གསོ། འཐབ་ཇུས་གལ་ཆེན་དང་ཇུས་ཆོད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་སློབ་ཁྲིད་འཆར་འགོད་སྣ་ལྔ་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན། ཏང་གི་མི་རིགས་སྲིད་ཇུས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ས་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་མཚོ་སྔོན་གྱི་ལག་ལེན་སོགས་ནང་དོན་གཙོར་བཟུང་ནས་གསོ་སྦྱོང་བྱས།