མཚོ་སྔོན་ཞིང་ཆེན་ལས་ཞུགས་སྐུལ་འདེད་དང་ཟླ་ཕོགས་ཆད་བཞག་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས2019ལོའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས།
2020.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ལས་ཞུགས་སྐུལ་འདེད་དང་ཟླ་ཕོགས་ཆད་བཞག་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ལ2019ལོའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། དཔྱད་ཞིབ་ཁྲོད་རྙེད་པའི་གནད་དོན་ཐད་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་ལ་དག་ཐེར་ལེགས་བཅོས་ཀྱི་བརྡ་སྦྱོར་ཡི་གེ་འགྲེམ་སྤེལ་བྱས།

ཐེངས་འདིའི་དཔྱད་ཞིབ་བརྒྱུད་དེ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཉིས་ཀ་རིམ་པར་བདམས་པ་དང་། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གཞུང་ཁ་རིམ་པར་བདམས་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ག་རིམ་པར་བདམས།

མིག་སྔར། མཚོ་སྔོན་ཞིང་ཆེན་ལས་ཞུགས་སྐུལ་འདེད་དང་ཟླ་ཕོགས་ཆད་བཞག་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སྲིད་གཞུང་ལ་དག་ཐེར་ལེགས་བཅོས་བརྡ་སྦྱོར་ཡི་གེ་འགྲེམ་སྤེལ་བྱས་ནས། ས་ཆ་སོ་སོས་དག་ཐེར་ལེགས་བཅོས་ཀྱི་བརྡ་སྦྱོར་ཡི་ག་ཁྲོད་བཏོན་པའི་གནད་དོན་ལ་ཤན་སྦྱར་བ་དང་། ཟླ་ཕོགས་ཆད་བཞག་བཅོས་སྐྱོང་དམིགས་འབེན་དང2019ལོའི་དཔྱད་ཞིབ་སྒྲིག་སྲོལ་ཞིབ་ཕྲ་ཚད་གཞིར་བཟུང་ནས། རང་ས་ཁུལ་གྱི་བྱ་བའི་ཁྲོད་གནས་པའི་ཞན་ཆ་དང་མི་འདང་ས་འཚོལ་བ་དང་། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་བྱེད་པ། དག་ཐེར་ལེགས་བཅོས་ཇུས་གཞི་གཏན་འབེབས་བྱེད་པ། གནད་དོན་གྱི་གསལ་ཕྲ་དང་ལས་འགན་གྱི་གསལ་ཕྲ། འགན་འཁྲིའི་གསལ་ཕྲ་གསལ་བོར་བཙུགས་ནས། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་དང་ཡོངས་འགྲུབ་དུས་བཀག་གཏན་འཁེལ་གསལ་བོ་བྱེད་དགོས། དག་ཐེར་ལེགས་བཅོས་གོ་རིམ་ཁྲོད་བྱ་བ་སྤེལ་ཚད་མི་འདང་ས་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བ་ཧྲིལ་བོའི་གྲུབ་འབྲས་ལ་གནོད་བྱེད་པའི་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་མི་སྣ་དང་འབྲེལ་ཡོད་འགན་ཁུར་མི་སྣའི་འགན་ཁྲི་རྩད་གཅོད་ནན་མོ་བྱེད་པ་དང་ཁྱབ་བསྒྲགས་སྐྱོན་བརྗོད་བྱེད་དགོས་པའི་རེ་བ་བཏོན།