གཙོད་ཚོགས7000ལྷག་བདེ་འཇགས་ངང་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད།
2020.05.14 ཁུངས། ཀློག་གྲངས། 0

གཙོད་སྲུང་མི་སྣས་བསྐྱོན་པའི་གཙོད་ཕོ་མོའི་པར།

མཚོ་བོད་གཞུང་ལམ་བརྒྱུད་བཞིན་པའི་གཙོད་ཚོགས་ཀྱི་མུ་འབྲེལ་རིང་མོ།

ཟླ5ཚེས13ཉིན་གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་དང་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གཙོད་གནས་སྤོ་སྲུང་སྐྱེལ་རུ་ཁག་གིས་སྲུང་སྐྱེལ་བྱས་པའི་གཙོད7000ལྷག་ཙམ་མཚོ་བོད་གཞུང་ལམ་བརྒལ་ནས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདེ་འཇགས་ངང་བསྐྱོད་པ་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་ཆུ་ཞང་ལུ་ཁྲི་གྲོང་ཚོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ཡིན་པ་དང་། དེར་གཙོད་ཀྱི་ཕ་ཡུལ་ཡང་ཟེར། ལོ་ལྟར་གྱི་དཔྱིད་དུས་སུ་གཙོད་ཁྲི་ཕྲག་གིས་གྲུབ་པའི་གནས་སྤོ་དཔུང་ཆེན་ལུ་ཁྲི་ཐང་ནས་ཨ་ཆེན་གངས་རྒྱབ་ཀྱི་ཉི་མའི་མཚོ་དང་། གཙོད་གནས་མཚོ་རྒྱུད་དུ་བསྐྱོད་དེ་དེར་ཕྲུ་གུ་སྐྱེ་བའི་སྐྱེ་འཕེལ་གྱི་ལམ་བུར་སྐྱོད་ཀྱིན་ཡོད། གཙོད་གནས་སྤོ་སྲུང་སྐྱེལ་རུ་ཁག་གི་རུ་དཔོན་སྐལ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ5ཚེས1ཉིན་ནས་བཟུང་། རུ་མི400མཚོ་ངོས་ལས་མཐོ་ཚད་རྨིད3400ལྷག་ཡོད་པའི་ལུ་དམར་ཐང་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་པ་དང་།  གངས་རི་དང་རྩྭ་ཐང་། ཆུ་བོ། བྱེ་ཐང་། མི་མེད་ས་སྟོང་བཅས་བརྒྱུད་ནས་། གྲངས་འབོར་ཆུང་བའི་གཙོད་ཕྲུག་བརྒྱ་ལྷག་ཙམ་གཙོད་7000ལྷག་དང་མཉམ་དུ་གནས་སྤོ་བྱེད་པའི་གཙོད་ཚོགས་དཔུང་ཆེན་གྱི་རང་བྱུང་བྱས་རྗེས་ངོ་མཚར་ཅན་དེར་བདེན་དཔང་བྱས་ཡོད་ཟེར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དགའ་ཐར་གྱིས་གཙོད་གནས་སྤོ་སྲུང་སྐྱེལ་རུ་ཁག་གིས་2018ལོའི་དབྱར་དུས་ནས་བཟུང་ལོ་གསུམ་ལ་བསྟུད་མར་གཙང་གསུམ་འགོ་ཁུངས་སྟེ་ཨ་རྒྱབ་གངས་རྒྱབ་ཀྱི་གཙོད་ལ་སྲུང་སྐྱེལ་བྱས་ནས་གཙོད་དབྱར་དུས་ཀྱི་དུས་ཚིགས་གཉིས་སུ་གནས་སྤོ་བྱེད་པའི་བགྲོད་ལམ་གེགས་མེད་ཡོང་བར་འགན་ལེན་བྱས་ཡོད་ཅེས་བཤད།

ལོ་ཙཱ་བ། དཔའ་བརྟན་རྒྱལ།