མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་བསོད་ནམས་འབུམ་གྱིས་རྒྱལ་ཡོངས་རང་སྟོབས་དབུལ་ཐར་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་སྔོན་ཐོན་ལག་རྗེས་སྙན་ཞུ་ཚོགས་འདུའི་སྟེང་སྙན་ཞུ་ཕུལ།
2020.05.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། སྐབས་སུམ་ཅུ་བའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཐོས་ཚོར་ཉམས་པའི་དབང་བོ་སྐྱོན་ཅན་བསོད་ནམས་འབུམ་རྒྱལ་ཡོངས་ཀྱི་རང་སྟོབས་དབུལ་ཐར་དང་དབང་བོ་སྐྱོན་ཅན་རོགས་སྐྱོར་དཔེ་མཚོན་དགུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ཚོའི་ཚབ་བྱས་ནས་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཁག་དང་མཉམ་དུ་བསྡུས་པའི་རྒྱལ་ཡོངས་རང་སྟོབས་དབུལ་ཐར་དང་དབང་བོ་སྐྱོན་ཅན་རོགས་སྐྱོར་གྱི་སྔོན་ཐོན་ལག་རྗེས་དྲ་རྒྱའི་སྙན་ཞུ་ཚོགས་འདུའི་སྟེང་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་སྟེང་། རྒྱལ་ཡོངས་ནས་ཡོང་བའི་སྔོན་ཐོན་དཔེ་སྟོན་འཐུས་ཚབ་མི་སྣ་དགུ་ཡིས་ཁོ་ཚོ་རང་ཉིད་ཀྱི་རང་སྟོབས་དབུལ་ཐར་དང་དབང་བོ་སྐྱོན་ཅན་རོགས་སྐྱོར་དབུལ་སྐྱོར་གྱི་མི་སེམས་འགུལ་བའི་གཏམ་བཤད་རྒྱུད་བཤད་པ་དང་། མཚོ་སྔོན་ཞིང་ཆེན་རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་དབང་བོ་སྐྱོན་ཅན་བྱ་བ་སྒྲུབ་མཁན། རྒྱ་ཆེའི་དབང་བོ་སྐྱོན་ཅན་ཚོས་དྲ་རྒྱ་བརྒྱུད་དེ་སྙན་ཞུ་ཚོགས་འདུའི་ཡུལ་དངོས་ཐད་གཏོང་ལ་བལྟས།