མཚོ་སྔོན་ཞིང་ཆེན་ཏང་ཨུས་ལས་རྐང་སྦྱོང་བསྡར་ལ་བརྟེན་ནས་ཞབས་ཞུ་འགན་སྲུང་རྩལ་ནུས་མཐོར་འདེགས་བཏང་།
2020.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མི་སྣའི་གསོ་སྦྱོང་ཆེན་མོ་དང་ལས་རྐང་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྐྱོང་ཆེན་མོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་ཨུས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་པ་དང་། ཏུང་ཞིན་ཐོག་ཁང་གི་ཞབས་ཞུ་རུ་ཁག་ལ་རྒྱབ་རྟེན་ནས་དུས་ཡུན་ཉིན་གསུམ་རིང་གི་ལྔ་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལྔ་བཞི་དུས་ཆེན་བསུ་བའི་ཞབས་ཞུ་འགན་སྲུང་རྩལ་ནུས་གསོ་སྦྱོང་འགྲེམ་སྟོན་བྱ་འགུལ་སྤེལ།

ཐེངས་འདིའི་གསོ་སྦྱོང་བྱ་འགུལ་གྱིས་མི་སྣའི་གསོ་སྦྱོང་ཆེན་མོ་དང་ལས་རྐང་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྐྱོང་ཆེན་མོའི་བྱ་བའི་རེ་བ་ལྟར། སློབ་གླིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་གཡུལ་ས་གཙོ་བོར་རྐང་བཙུགས་པ་དང་། ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས། བསམ་བློ་གཞུང་ལུགས་སློབ་སྦྱོང་དང་ལས་སྒོ་ནུས་པ་གསོ་སྦྱོང་ལ་རྒྱུན་མ་ཆད་པར་ཤུགས་སྣོན་པ་དང་། སློབ་གླིང་གི་བྱ་བའི་སྤྱི་ཡོངས་དང་རིག་གནས་མཉེན་ཆས་ཁོར་ཡུག་འཛུགས་སྐྲུན་ཐད་ཞབས་ཞུ་འགན་སྲུང་བྱས། གསོ་སྦྱོང་བྱ་འགུལ་གྱིས་གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། སྦྱོང་བརྡར་དངོས་དང་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ། གནས་ཚུལ་དངོས་ལ་དམིགས་པ་དང་ལག་ལེན་མཛུབ་སྟོན་བྱས་པ། ཆུ་ཚད་མཐོར་འདེགས་གཏོང་བའི་སྤྱིའི་རེ་བ་ལྟར་སློབ་ཚན་བཀོད་སྒྲིག་བྱས་པ་དང་། གཞུང་ལུགས་སློབ་ཚན་ཐད་ནས་གཙོ་བོར་སློབ་གླིང་གི་དམིགས་བསལ་ཆབ་སྲིད་གོ་གནས་དང་ལས་བཟོ་བའི་བསམ་བློ་ཆབ་སྲིད་ལངས་གནས། འགན་འཁྲི་ཁག་ཁུར་སོགས་ལ་བཀོད་སྒྲིག་བྱས་པ་དང་། ཆེད་ལས་སློབ་ཁྲིད་ཐད་ནས་གཙོ་བོར་སྤྱི་ཐུན་གུས་སྲོལ་དང་མགྲོན་ཁང་ཞབས་ཞུ། གྲོས་ཚོགས་དང་བཟའ་བཏུང་ཞབས་ཞུ་སོགས་ཕྱོགས་ནས་བཀོད་སྒྲིག་བཟང་བོ་བྱས་ལ། ལས་རྐང་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བ་བརྒྱུད་དེ། སློང་གླིང་གི་སློབ་ཁྲིད་འདུ་ཤེས་ལག་བསྟར་བྱེད་པའི་ཐད་འགན་སྲུང་བཟང་བོ་འདོན་སྤྲོད་བྱས།