རྐང་ཚ་རྫོང་གི་ལས་གཞིའི་རྣམ་གྲངས་གལ་ཆེན་བསྟུད་མུར་ལས་འགོ་ཚུགས།
2020.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧྲ་ལུའུ་གཙང་བོའི་ཤར་ཕྱོགས་ཀྱི་ཀྲའོ་ཝ་ཞེ་དགུ་གྲངས་ཆུང་ལྔ་ཅན་གྱི་རླུང་གློག་རྣམས་གྲངས་དང་།  མཱོ་ཉི་གླིང་ཀའི་བགྲོད་ལམ་བཅོས་སྐྱོང་ལས་གཞི།  ཆུ་སྙིགས་དྭངས་འབྱེད་བཟོ་གྲྭའི་ཚད་གཞི་རྒྱ་སྐྱེད་སོགས་ལས་གཞི་རྣམ་གྲངས་གལ་ཆེན་བསྟུད་མུར་ལས་འགོ་ཚུགས།

རྒྱུས་ལོན་པ་ལྟར་ན།  ད་ལོར་རྐང་ཚ་རྫོང་གིས་སྡོམ་པས་ལག་བསྟར་རྣམ་གྲངས་དོན་བཞི་འཆར་འགོད་བྱས་ཡོད་པ་དང་། སྤྱིའི་མ་དངུལ་གཏོང་ཚད་དུང་ཕྱུར་བཅུ་བདུན་ལྷག་ཡིན། མ་དངུལ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་བཏང་ནས་ལེགས་འགྲུབ་བྱུང་།  རྣམ་གྲངས་ཁེབས་ཚད་ལ་བཟོ་ལས་དང་།ཞིང་ལས། གྲོང་གསེབ་རྨང་གཞིའི་སྒྲིག་བཀོད། ནགས་ལས་དང་། སྐྱེ་ཁམས།  ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད།  འགྲིམ་འགྲུལ་དང་།  ཆུ་བེད།  སྤྱི་ཚོགས་ལས་རིགས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ཁྱབ་ཁོངས་མང་པོ་འདུས།  མིག་སྔར། རྐང་ཚ་རྫོང་དུ་ཐུན་མོང་ལས་འགོ་བརྩམས་པའི་རྣམ་གྲངས་བཅུ་བདུན་ཡོད་ལ། རྣམ་གྲངས་སོ་སོའི་ལས་ཐོན་ཚད་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་བཞི་ལ་སླེབས།  དེའི་ནང་རྒྱུན་མཐུད་འཛུགས་སྐྲུན་རྣམ་གྲངས་སོ་གསུམ་ཡོད་ལ། ལས་འགོ་ཚུགས་ཚད་བརྒྱ་ཆའི་གོ་གཉིས་ཟིན་པ་དང་།  གསར་སྐྲུན་རྣམ་གྲངས་བརྒྱད་ཡོད་ལ་ལས་འགོ་ཚུགས་ཚད་བརྒྱ་ཆའི་ཉེར་གཅིག་ཟིན་ཡོད།