2020ལོའི “5.12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ལྷ་མོ་མཚོ་ལ“ཆེས་མཛེས་པའི་ནད་གཡོག་པ”ཡི་གཟི་བརྗིད་མཚན་སྙན་གནང་།
2020.05.28 ཁུངས། ཀློག་གྲངས། 212

 “ང་ནི་ཏང་ཡོན་ཞིག་ཡིན། ཏང་ཡོན་གྱི་འགན་འཁྲི་ནི་མི་དམངས་མང་ཚོགས་ལ་ལྟ་སྐྱོང་ཡག་པོ་བྱ་རྒྱུ་དང་། ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ཚན་ཁག་གི་འགན་འཁུར་བ་ཞིག་ཡིན་པའིོ་ཆ་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མདུན་གྲལ་དུ་ལངས་པར་དེ་བས་འགན་འཁྲི་དང་འོས་འགན་ཡོད”འདི་ནི་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་འགོས་ནད་ཚན་ཁག་གི་ནད་གཡོག་འགོ་བ་ལྷ་མོ་མཚོས་བཤད་པ་དང་། མོས་དེ་ལྟར་བཤད་པ་མ་ཟད་དེ་ལྟར་བསྒྲུབས་ཡོད་དེ། རིམས་ནད་བྱུང་བ་ནས་བཟུང་། སྤྱིར་ན་ལུགས་རྙིང་གི་ཟླ་དང་པོའི་ཚེས་ཉེར་དགུ་ནི་ནང་མི་ལྷན་འཛོམས་ཀྱིས་ལོ་གསར་དུས་ཆེན་ལ་རོལ་བའི་སྔ་ནུབ་རེད། ཡིན་ཡང་ཁོ་མོས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་འོས་འགན་སེམས་ལ་བརྟན་པོར་བཅིངས་ནས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ནས་ནན་ཏན་གྱིས་སྒྲིག་འཛུགས་དང་། ཧུར་ཐག་གིས་ཚན་ཁག་གི་རིམས་ནད་སྔོན་འགོག་གི་བྱ་བ་སྣ་ཚོགས་ལ་འབད། ཁོ་མོས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཡིད་ལ་བསྟན་པོར་བཅིངས་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་ལ་བསྟར་བཞིན་ཡོད། 

ཁོ་མོའི་བྱིས་པ་ལོ་བདུན་ལས་མེད། རིམས་ནད་སྔོན་འགོག་གི་སྐབས་སུ་མོས་ལུས་སེམས་གཉིས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་བཟང་པོ་སྒྲུབ་ཆེད། བྱིས་པ་གྲོགས་པོར་བཅོལ་ནས་ལྟ་སྐྱོང་བྱེད་དུ་བཅུག བྱིས་པས་རིམས་ནད་ཀྱི་ཚབ་ཆེན་རང་ཞིན་མི་ཤེས་པས། རིམས་འགོག་གི་དུས་སུ་བྱིས་པ་དང་ངོ་འཕྲད་རྒྱུའང་དཀའ་མོ་རེད། བྱིས་པ་གཞན་པར་ཨ་མས་གཉོར་སྐྱོང་བྱེད་བཞིན་ཡོད་པ་ཤེས་མོད། འོན་ཀྱང་ཁོའི་ཨ་མས་ཉིན་མཚན་དབྱེར་མེད་དུ་བྱ་བ་སྒྲུབ་བཞིན་ཡོད། བྱིས་པའི་ཨ་མ་ཡིན་པའི་ཆ་ནས་ཁོ་མོའི་བསམ་པར་ཨ་མ་བཟང་པོ་ཞིག་གི་འོས་འགན་མ་འགྲུབ་པར་བསམ་པ་དང་། ཡང་བྱིས་པར་ཇི་ལྟར་གསལ་བཤད་བྱེད་དགོས་པའང་མི་ཤེས་པས། “ད་ལྟ་ཨ་མས་བྱ་བ་གལ་ཆེན་ཞིག་སྒྲུབ་བཞིན་ཡོད་པས། རྗེས་ཕྱོགས་ཨ་མས་ཁྱོད་ལ་ཡུན་རིང་པོར་འདུག་རོགས་བྱེད་ངེས”ཞེས་བཤད་ཚར་རྗེས་སླར་ཡང་རིམས་ནད་སྔོན་འགོག་གི་ལས་ཀར་ཞུགས་ཤིང་། རིམས་ནད་སྔོན་འགོག་དངོས་རྫས་བླངས་ནས་ཚན་ཁག་སོ་སོར་བགོ་བ་དང་། འཐབ་ས་དང་པོ་དང་གཉིས་པའི་ནད་གཡོག་པའི་ལས་རེས་བཀོད་སྒྲིག་བྱེད་དགོས་པ་མ་ཟད། དུས་མཚུངས་སུ་ཧུར་ཐག་དགོས་ཚན་ཁག་གི་ནད་གཡོག་མི་སྣ་སྒྲིག་འཛུགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་གསོ་སྦྱོང་དུས་ཐོག་ཏུ་སྤེལ་ནས་དངོས་སུ་སློབ་ཁྲིད་བྱེད་པ། རིམས་ནད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་སོགས་ནན་ཏན་གྱིས་སློབ་ཁྲིད་དང་། ཚན་ཁག་གི་དུག་སེལ། སྨན་ཁང་གི་ས་ཁོངས་དབྱེ་བ། ནད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་སེམས་གསོ་བྱེད་པ། ཚན་ཁག་གི་ནད་གཡོག་མི་སྣར་སེམས་ཁུར་སོགས་བྱེད་བཞིན་ཡོད། ཁོ་མོས་ཉིན་ལྟར་སུན་སྣང་མེད་པར་ཚན་ཁག་གི་མི་སྣར་འགག་སྒོ་རེ་རེའི་འགོག་སྲུང་ཡག་པོ་བྱེད་དགོས་པ་མ་ཟད་སྒེར་གྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཤད་བཞིན་ཡོད། ཁོ་མོས་ཚན་ཁག་ནི་རང་ཁྱིམ་ལྟ་བུའི་འདུ་ཤེས་བཟུང་ནས། དུས་རྒྱུན་གཉིད་ཆག་ཟས་བརྗེད་དང་། ཉིན་མཚན་དབྱེར་མེད་ཀྱིས་ལས་སྣོན་བྱས་ནས་ལུས་སེམས་ཡོད་ཚད་རིམས་ནད་སྔོན་འགོད་ཚོད་འཛིན་གྱི་དམག་འཐབ་ནང་ཞུགས་ཡོད།  

ཁོ་མོའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག འགོས་ནད་ཚན་ཁག་གི་སྨན་པ་དང་ནད་གཡོག་མི་སྣ་ཡོངས་ཀྱིས་དེ་མ་ཉིད་དུ་དམག་འཐབ་ཡི་གེ་བྲིས་ནས་ཏང་ཨུད་ལ་སྤྲད་པ་མ་ཟད། རང་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པའི་རེ་བ་བཏོན། “དམག་འཐབ་ཡི་གེ”ཡི་རྒྱབ་ཕྱོགས་ནི་སེམས་འདུན་གྱི་འབོད་སྐུལ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱི་གདམ་ག་དང་འགན་འཁྲི་དེ་བས་ཀྱང་ཡིན། “དུས་རྟག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཞུགས་ནས། མགོ་ལོག་གི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱིས་སྟོབས་ཤུགས་ཡོད་ཚད་འབུལ་བའི་གྲ་སྒྲིག་བྱེད་བཞིན་ཡོད” འདི་ནི་ལྷ་མོ་མཚོ་གཙོ་བྱས་པའི་ཚན་ཁག་གི་སྨན་པ་དང་ནད་གཡོག་མི་སྣ་ཡོངས་ཀྱི“དམག་འཐབ་ཡི་གེ”ནང་དོན་ཡིན་ལ། སྤྱིར་བཏང་གི་དམ་བཅའི་ཚིག་ཕྲེང་འདིས། ཁོ་མོ་གཙོ་བྱས་པའི་འགོས་ནད་ཚན་ཁག་གི་སྨན་པ་དང་ནད་གཡོག་མི་སྣ་ཡོངས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་སེམས་འདུན་ཆོད་སེམས་བརྟན་པོ་ཡིན་པ་མཚོན་ཡོད། བློ་མཐུན་ལྷ་མོ་མཚོ་ནི་ཁུལ་མི་དམངས་སྨན་ཁང་གི་ནད་ཐོག་ཏང་ཀྲི་པུའུ་ཡི་དྲིལ་བསྒྲགས་ཨུ་ཡོན་ཡིན་པས་ཆ་ནས། དྲིལ་བསྒྲགས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ནད་ཐོག་ཏང་ཀྲི་པུའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་བསྐྱོད་པའི་དམག་འཐབ་ཡི་གེ་འབྲི་རུ་བཅུག 


“རིམས་ནད”ཀྱི་མདུན་དུ་ཁོ་མོས“གཞིས་ཁྱིམ་ཆུང་ཆུང་མ་བསམ་པར། སེམས་ཅན་ཐམས་ཅད་བསམ”ཆུ་བོ་གྱེན་བཞུར་གྱི་ཚུལ་དང་ཞུམ་མེད་མདུན་སྐྱོད་ཀྱི་སྤོབས་པས་གུང་ཁྲན་ཏང་ཡོན་ཞིག་གི་ཡ་རབས་སྤྱོད་བཟང་གང་ལེགས་ཀྱིས་མཚོན་ཡོད་ལ། གུང་ཁྲན་ཏང་ཡོན་གྱི་དཔེ་ལེགས་མི་སྣའི་སྣེ་ཁྲིད་ཀྱི་ཕན་ནུས་ཐོན། རིམས་ནད་ལ་འགོག་རྒོལ་བྱེད་མཁན་ཆེས་མཛེས་ཤོས་ཡིན་པའི་ཆ་ནས། དམར་མདངས་བཀྲ་བའི་ཏང་དར་དམར་པོར་མཚོན་མདངས་སྤྲས་ལ་གཟི་བརྗིད་བསྩལ་ཡོད། 

 སྨན་ཁང་ཡོངས་ཀྱི་ནད་སྐྱོང་ལས་དོན་མི་སྣས “ཆེས་མཛེས་པའི་ནད་གཡོག་པ” མིག་དཔེར་འཛིན་དགོས་ལ། ཁོང་ཚོའི་རང་ཁྱིམ་མ་བསམ་པར་སེམས་ཅན་བསམ་པ་དང་། རང་དོན་ཕལ་བར་བཞག་ནས་གཞན་དོན་གཙོ་བོར་འཛིན་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་། ཁོང་ཚོའི་གོས་དཀར་གྱི་ཁྲབ་གྱོན་ནས་རྒྱང་བསྐྱོད་ཀྱི་ལམ་ལ་ཞུགས་པའི་ཞིམ་མེད་ཀྱི་སྙིང་སྟོབས་དང་། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་སྟེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཡོང་བར་བྱས་རྗེས་བླ་མེད་འཇོག་པ་ལ་སློབ་སྦྱོང་བྱེད་དགོས།