མཚོ་བྱང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་པའི་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།
2020.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ།གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཤེས་ལྡན་མི་སྣའི་ལས་དོན་དེ་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་བྱ་ཐབས་ཤིག་ཏུ་བརྩིས་ནས། ལམ་སྲོལ་འཛུགས་པ་དང་ལམ་བཤངས་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ། གསར་གཏོད་དོན་གཉེར་བཅས་ཀྱི་ཐད་ཤུགས་སྣོན་རྒྱབ་སྟེ།ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགསསྐྲུན་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་ནསཤེས་ལྡན་མི་སྣའི་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེདནུས་ལྡན་བཏང་།

ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་བཞག་སྟེ། ཤེས་ལྡན་མི་སྣའི་ལས་ཀའི་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་འཐུས་ཚང་དུ་བཏང་ཡོད། ཤེས་ལྡན་མི་སྣ་དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་རེ་ཞུའི་ཆ་རྐྱེན་སོགས་ཐད་ཀྱི་ནང་དོན་ལ་བླང་བྱ་ཁ་གསལ་བཏོན་ནས་རིགས་སོ་སོའི་ཤེས་ལྡན་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྔར་ལས་སྐུལ་སློང་བྱས། ཁ་གཏད་རོགས་སྐྱོར་གྱི་སྟེགས་བུ་འདོན་སྤེལ་གང་ལེགས་བྱས་ནས། “ལས་གཞིར་བརྟེན་ནས་ཤེས་ལྡན་མི་སྣ་ནང་འདྲེན”དང་། “ལས་འགན་གཅིག་ལྕོགས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ”སོགས་མཉེན་གཤིས་ལྡན་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཐབས་སྟབས་བསྟུན་གྱིས་སྤྱད་དེ། མཚོ་བྱང་ཁུལ་གྱི་དབུས་རྒྱུད་དང་དམའ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞི་བཅུ་གསུམ་རེ་ཞུ་ཧུར་ཐག་བྱས་ཡོད་ཅིང་། འབྲིང་རིམ་དང་དམའ་རིམ་ཤེས་ལྡན་པ་བརྒྱ་གསོ་སྐྱོང་བྱས་པ་དང་། སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཧྲན་ཏུང་གི་མཁས་ཅན་དང་དགེ་རྒན་ཆེན་མོ་བརྒྱ་ནང་འདྲེན་བྱས་ནས། མཚོ་བྱང་དུ“ཚོགས་སྒྲིག་རྣམ་པའི”ཁུལ་སྐྱོར་ལས་དོན་སྤེལ། མདོ་ལ་རྫོང་གིས་ཁ་གཏད་རོགས་སྐྲུན་སྟེགས་བུ་བེད་སྤྱོད་བྱས་ཏེ། པིན་ཀྲོའུ་ཡི་ཕུལ་བྱུང་དགེ་རྒན་དྲུག་དང་རྐང་འཛིན་སྨན་པ་སོ་བཞི་ནང་འདྲེན་བྱས་པ་ཕུད། ཤེས་ལྡན་མི་སྣས་ས་གནས་དེ་གའི་ཤེས་ལྡན་མི་སྣའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད།ཧེ་ཡན་རྫོང་གིས“རྩེར་སོན་གཉིས”ཀྱི་མཐོ་སློབ་ཀྱི་ཕུལ་བྱུང་དངོས་གཞིའི་ཚན་ཁག་དང་འབུམ་རམས་པ་དང་ཞིབ་འཇུག་སློབ་མ་ཧེ་ཡན་དུ་ལས་འགན་འཁུར་དུ་ཡོང་བའི་ལས་དོན་ཧུར་ཐག་སྒོས་སྤེལ་ཡོད་ལ། ཁྱབ་ཁོངས་ཁག་ཏུ་ཆེད་ལས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་བཞི་ནང་འདྲེན་བྱས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་བྱས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།