མཚོ་ནུབ་ཁུལ་གྱིས་གྲོང་སྡེ་ཡོད་ཚད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས།
2020.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུས་ཁུལ་གྱིས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་དེ་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། མཛེས་སྡུག་དང་འཚོ་སྡོད་བྱེད་པར་འཚམ་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པ་ཁྲིད་ཕྱོགས་སུ་བྱེད་པ། ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་དང་སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ནས། ཁུལ་ཡོངས་ཀྱི་གྲོང་སྡེ་ཡོད་ཚད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡོངས་སུ་ཁེབས་པར་བྱས།

ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཉིན་བརྒྱར་བྱ་བ་བཟང་བོར་བསྒྲུབ་པ་དང་སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་གཙང་དག་གསུམ་དང་བཅོས་བསྒྱུར་གཅིག བཙོག་དྲུག་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་སྤེལ་ནས། མིག་སྔའི་བར་དུ། རྩིག་རུལ་གྱང་རུལ་མེད་པར་བཟོས་པ་དང་ས་གནས་སྟོང་གཅིག་དང་དོན་གཅིག་ལ་རང་དགར་དུ་སྒྲིག་ཆས་འཛུགས་སྐྲུན་བྱས་ལ། ཚད་གཞི་དང་མི་མཐུན་པའི་གད་སྙིགས་འཕེན་ས་ལྔ་བརྒྱ་དང་གྱ་བདུན་བཅོས་སྐྱོང་བྱས། དེ་དང་མཉམ་དུ། དྲིལ་སྒྲོག་ཤོག་བྱང་བཀྲམ་པ་དང་། སྐད་འཕྲིན་ཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཉིན་རྒྱུན་གྱི་གཙང་དག་ཤེས་བྱ་དང་འཕྲོད་བསྟེན་རིམས་འགོག་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱིས་བདེ་ཐང་འཕྲོད་བསྟེན་འདུ་ཤེས་བརྟན་པོ་འཛུགས་པ་དང་བདེ་ཐང་འཚོ་བ་རོལ་སྟངས་སྐྱེད་སྲིང་བྱེད་པར་སྣེ་ཁྲིད་བྱས།

ས་ཁུལ་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཁྱིམ་ཚང་གིས་བསྡུ་གསོག་བྱེད་པ་དང་སྡེ་བས་བསྡུ་རུབ་བྱེད་པ། ཞིང་དང་གྲོང་རྡལ་སྐྱེལ་འདྲེན་བྱེད་པ། རྫོང་དང་གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་པའི་མཁར་གྲོང་གཞི་གཅིག་ཅན་གྱི་བཅོས་སྐྱོང་རྣམ་པ་དང་ཁྱིམ་ཚང་གིས་བསྡུ་གསོག་དང་སྡེ་བས་བསྡུ་རུབ། ཞང་དང་གྲོང་རྡལ་གྱིས་ཐག་གཅོད་པའི་ཞང་དང་གྲོང་རྡལ་གྱི་གཅིག་བསྡུས་བཅོས་སྐྱོང་རྣམ་པ་སྤྱད་དེ། གད་སྙིགས་ཐག་གཅོད་དང་འཚོ་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་རྒྱུན་མཐུད་ངང་སྤེལ། ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་ལྔ་དང་སྡེ་བ་ཉིས་བརྒྱ་དང་གོ་དྲུག་ཏུ། བསྡོམས་པས་ཞང་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་འཇུག་ས་ཉེར་ལྔ་བཙུགས་པ་དང་། འཚོ་བའི་གད་སྙིགས་བླུག་སྒམ་སྟོང་གསུམ་དང་ཉིས་བརྒྱ་གྱ་གཅིག་བཀོད་སྒྲིག་བྱས་ལ། གྲོང་སྡེ་ཉིས་བརྒྱ་དང་དགུ་བཅུ་ལ་གད་སྙིགས་བསྡུ་གསོག་སྐྱེལ་འདྲེན་སྒྲིག་ཆས་ཆ་སྡེབས་བྱས་པ་དང་། སྲིད་འཛིན་སྡེ་བ་དོན་གཅིག་ཏུ་བཙོག་ཅུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་བྱས། ཁུལ་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་ས་བརྒྱ་དང་བཅུ་ལ་ཟོག་བྱའི་གཅི་རྟུག་ཐོན་ཁུངས་ཅན་དུ་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པའི་སྒྲིག་ཆས་བཙུགས། བསྡོམས་པས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་གཅིག་ཁྲི་བརྒྱད་སྟོང་དྲུག་བཏང་སྟེ། སྔ་གཞུག་ཏུ་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་བཅུ་གསུམ་འཛུགས་སྐྲུན་བྱས་པ་དང་། རིགས་མི་འདྲ་བའི་ལས་གཞི་ཉེར་གསུམ་ལག་བསྟར་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།