ཉེ་ལམ། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ནོར་སྲིད་པུའུ་དང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ལ། ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་སྡེའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་གཤམ་སྤྲོད་བྱས་ཤིང་། རྒྱལ་ཁབ་ཀྱིས་རང་ཞིང་ལ་ལོ་ཧྲིལ་བའི་ནང་རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་སྤྲད་ཡོད།
པུའུ་དང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བླང་བྱ་ལྟར་དུ། ཁ་གསབ་མ་དངུལ་དེ་དག་ན་ནིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲོང་གསེབ་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི“ཕྱིར་མིག་ལྟ་བའི”གྲལ་བཤེར་སོགས་དང་དེ་བཞིན་ད་ལོ་ གསར་དུ་བསྣན་པའི་གཙོ་གནད་བྱ་ཡུལ་རིགས་བཞི་ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་འགན་སྔོན་ལ་ལེགས་འགྲུབ་བྱ་རྒྱུའི་ཐད་བཀོལ་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ཡོངས་འགྲུབ་ཐུབ་པར་འགན་ལེན་བྱེད་རྒྱུ་རེད།
ལོ་ཙཱ་བ། བན་དེ་སྐྱབས།