ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་གི་ན་གཞོན་ལས་བྱེད་པའི་སྐྱེད་སྲིང་དང་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལས་བྱེད་པ་བཟང་བོ་ནི་རྟོག་ཞིབ་ལས་བྱུང་བའི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྐོར་གཅིག་བཞི་དམིགས་འབེན་དུ་བྱེད་པ་བཅས་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་མི་སྒེར་གྱིས་ངོ་སྤྲོད་དང་རྩ་འཛུགས་ཀྱིས་ངོ་སྤྲོད། གནད་ཕིགས་རྟོག་ཞིབ་སོགས་བྱེད་ཐབས་བརྒྱུད་དེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཉིན་ལྔ་བཅུ་རིང་གི་ཁག་ཁུར་བྱེད་ཕོད་པ་དང་སེམས་གཏམ་བཤད་པ། མྱོང་ཚོར་གླེང་བའི་ལས་བྱེད་པའི་རྟོག་ཞིབ་ཆེན་པོའི་བྱ་འགུལ་སྤེལ་ནས། ན་གཞོན་ལས་བྱེད་པ་འདེམ་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱས།
ཐེངས་འདིའི་བྱ་འགུལ་ཁྲོད། ཁུལ་ཡོངས་ཀྱི་ལས་བྱེད་པ་སྟོང་གཅིག་ལྷག་གིས་བསམ་བློའི་ཡར་ཞུ་དང་མི་སྒེར་གྱི་ཆོད་སྡོམ་འབྲི་བ་དང་། རང་སྟེང་གི་འཕེལ་རྒྱས་རྒྱུད་རིམ་དང་བྱ་བའི་ལོ་རྒྱུས། སེམས་གཏམ་བཤད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཡུས་ཧྲུའུ་ཡི་ལས་བྱེད་པ་སྐྱེད་སྲིང་དང་འདེམ་བསྐོ་བྱེད་པ་སོགས་ཀྱི་ཐད་བློ་འདོན་ཇུས་འབུལ་བྱས་པ་དང་། ཕྱོགས་ཡོངས་དང་བར་ཐག་ཉེ་ས་ནས་ལས་བྱེད་པར་རྒྱུས་ལོན་བྱས། ན་གཞོན་ལས་བྱེད་པ་མི་འདང་བ་དང་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པའི་རྗེས་མཐུད་པ་དཀོན་པ་སོགས་ཀྱི་གནད་དོན་ལ་ཁ་གཏདེ། ཕུལ་བྱུང་ན་གཞོན་ལས་བྱེད་པ་བརྒྱ་དང་ང་གསུམ་གྱི་མི་གཅིག་ལ་སྲིད་ཇུས་གཅིག་གི་འཚར་ལོངས་ཡིག་ཚགས་བཙུགས་པ་དང་། འགུལ་རྣམ་རང་བཞིན་གྱི་དོ་དམ་ལག་བསྟར་བྱས་ཏེ། ན་གཞོན་ལས་བྱེད་པའི་སྐྱེ་སྟོབས་གསོན་ཤུགས་ཆེར་སྐྱེད་པ་དང་། ན་གཞོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ཆུ་ཚད་མཐོར་འདེགས་བཏང་།
དེ་ལས་གཞན། ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་ཁུལ་གྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་གཏན་འབེབས་བྱེད་པ་བརྒྱུད་དེ། རྗེས་ཕྱོགས་སུ་ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པ་དང་འདེམ་བསྐོ་བྱེད་པའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་རྨང་གཞིའི་སྟེང་། ན་གཞོན་ལས་བྱེད་པའི་ཕྱོགས་གཉིས་བརྗེ་རེས་འགན་ཁུར་བྱ་བའི་ལམ་ལུགས་བཙུགས་ནས། ན་གཞོན་ལས་བྱེད་པས་བྱ་བ་བསྒྲུབ་པའི་སྤྲོ་སེམས་ཆེར་སྐྱེད།
ལོ་ཙཱ་བ། རིན་ཆེན་མཚོ།