མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
2020.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་སོ་གསུམ་པ་ཡིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་དུག་འགོག་སྡེ་ཁག་གིས་དུག་འགོག་དྲིལ་སྒྲོག་བྱ་འགུལ་སྣ་མང་སྤེལ་ནས། བདེ་ཐང་གི་མི་ཚེ་དང་ལྗང་མདོག་དུག་མེད་བརྗོད་སྙིང་དུ་བྱས་པའི་དྲིལ་སྒྲོག་བྱ་འགུལ་གྱི་ཚ་རླབས་འཕྱུར་བར་བྱས།

ཟི་ལིང་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་བདེ་ཐང་གི་མི་ཚེ་དང་ལྗང་མདོག་གི་དུག་མེད་བརྗོད་སྙིང་དུ་བྱས་པའི་དུག་འགོག་དྲིལ་སྒྲོག་བྱ་འགུལ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཟི་ལིང་ལྟེ་གནས་ཐང་ཆེན་ནས་བསྡུས། བྱ་འགུལ་དེ་ཕུན་སུམ་ཚོགས་པའི་དུག་འགོག་རིག་རྩལ་འཁྲབ་སྟོན་ཁྲོད་འགོ་བརྩམས་པ་དང་། བྱ་འགུལ་གྱིས་གླུ་དབྱངས་དང་སྨྱུག་རོལ་མགྱོགས་གཏམ་སོགས་ཀྱི་རྣམ་པ་བརྒྱུད་དེ་དུག་རྫས་ཀྱིས་མི་སྒེར་དང་སྤྱི་ཚོགས། ཁྱིམ་ཚང་། ལྷག་པར་དུ་ན་གཞོན་ལོ་ཆུང་ལ་ཁྱེར་ཡོང་བའི་གནོད་པ་གསལ་བཤད་གསལ་བོ་བྱས་ལ། དུག་འགོག་བྱ་བ་སྒྲུབ་མཁན་དང་སྤྱི་བདེ་ཉེན་རྟོག་པས་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་བློ་དཀར་སེམས་དཀར་གྱིས་འགན་འཁྲི་ལག་བསྟར་བྱེད་པ། དཀའ་སྤྱད་འབད་འཐབ་དང་ཡོད་ཚད་བློས་གཏོང་བའི་སྙིང་སྟོབས་མངོན་པར་བྱས། དུག་འགོག་དྲིལ་སྒྲོག་སྤེལ་ཆེད། ཟི་ལིང་གྲོང་ཁྱེར་ཡོངས་སུ་བསྡོམས་པས་དྲིལ་སྒྲོག་པང་ལེབ་བཞི་བརྒྱ་དང་བརྒྱུད་ཅུ་འགྲེམ་སྟོན་བྱས་པ་དང་། འཕྲེད་བྱང་ཉིས་བརྒྱ་དང་དྲུག་བཅུ་བཀལ་ལ། དུག་འགོག་དྲིལ་སྒྲོག་ལག་དེབ་སྟོང་གསུམ་བཀྲམས།

ལོ་ཙཱ་བ། རིན་ཆེན་མཚོ།