ཆུ་དམར་ལེབ་རྫོང་གིས་ཏང་འཛུགས་དང་དབུལ་སྐྱོར་མཉམ་འབྲེལ་སྒོས་སྤེལ་བར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་བའི་བྱ་བ་བཟང་བོར་བསྒྲུབས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་མཇུག་བསྡུ་བར་ཁག་ཐེག་བྱེད་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། རྨང་གཞི་ཇེ་བརྟན་དུ་བཏང་ལ། ཏང་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་ལག་བསྟར་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཏང་འཛུགས་དང་དབུལ་ཐར་གཉིས་མཉམ་འབྲེལ་སྒོས་སྤེལ་བའི་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབས།

བྱ་བའི་ཁྲོད། ཆུ་དམར་ལེབ་རྫོང་གིས་ཉམས་ཆུང་ལེགས་སྒྲིག་དང་སྟོབས་ལྡན་དར་སྤེལ་བྱེད་པ། བཟང་བོའི་ཁྲོད་ཕུལ་བྱུང་འདེམས་པ། ཧུར་ཐག་གིས་སྤེལ་བའི་རྩ་དོན་ལྟར། ཡུས་ཧྲུའུ་ཁུལ་གྱི་གཞི་གསུམ་ལས་བྱེད་པའི་སློབ་གླིང་ལ་རྒྱབ་བརྟེན་པ་དང་། གསོ་སྦྱོང་བཞི་དང་སྣེ་ཁྲིད་གཉིས་བརྒྱུད་དེ། སྡེ་བ་རིམ་པའི་རྗེས་སྣོན་ལས་བྱེད་པ་སྐྱེད་སྲིང་བྱས་པ་དང་། ཏང་ཡོན་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣར་བརྟེན་ནས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་མཁྲེགས་གཏོར་བཙན་རྫོང་དང་ཏང་འཛུགས་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་དྲག་ཏུ་བཏང་། ཏང་ཡོན་ལས་བྱེད་པས་་ཁ་གཏད་རོགས་སྐྱོར་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་རོགས་བྱས་ནས་རང་སྟེང་གི་ཐོན་ཁུངས་དགེ་མཚན་སྔོག་འདོན་བྱེད་པ། ཕྱུག་བསྒྱུར་ལམ་བུ་བཟང་བོ་འདེམས་པ་བཅས་ལ་སྣེ་ཁྲིད་བྱས་པར་མ་ཟད། སྡེ་བ་སོ་སོས་རང་ཞིབ་རང་བཤེར་བྱ་བ་སྤེལ་བར་མཛུབ་སྟོན་བྱས་པ་དང་། ཡིག་ཚགས་དཔྱད་གཞི་ལེགས་སྒྲིག་ཐད་ཀྱི་ཞན་ཆ་དང་མི་འདང་སར་དུས་ཐོག་ཏུ་ཁ་གསབ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཡིག་ཚགས་དཔྱད་གཞི་ལེགས་སྒྲིག་ཚད་ལྡན་ཅན་དུ་བསྒྱུར་བར་ཁག་ཐེག་བྱས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།