ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོགས་འདུའི་མཚོ་ནུབ་ཡན་ལག་ཚོགས་རའི་སྟེང་བསྡོམས་པས་ལས་གཞི་གྱ་བཞི་ལ་གྲོས་མཐུན་བཀོད།
2020.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོགས་འདུའི་མཚོ་ནུབ་ཡན་ལག་ཚོགས་ར་ཡོངས་སུ་མཇུག་སྒྲིལ། ཐེངས་འདིའི་ཡན་ལག་ཚོགས་རའི་བྱ་འགུལ་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཚོང་བ་དང་མགྲོན་པོ་སྟོང་གཅིག་དང་བརྒྱ་དང་གོ་གཅིག་ཡན་ལག་ཚོགས་རར་ཞུགས་ཏེ། བསྡོམས་པས་ལས་གཞི་གྱ་བཞི་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་མ་དངུལ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་དྲུག་ལྷག་ལ་སླེབས།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་ནུབ་ཡན་ལག་ཚོགས་རའི་སྟེང་མཚོ་ནུབ་སྒོ་འབྱེད་ཀྱི་སྣང་བརྙན་གསར་བ་ཁྱོན་ཡོངས་ནས་མངོན་པར་བྱས་པ་དང་མཚོ་ནུབ་གྱི་ལྗང་མདོག་ཐན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་སྦས་ཤུགས་གསར་བ་སྔོག་འདོན་ཟབ་མོ་བྱས་པ། མཚོ་ནུབ་ཀྱིས་ཕྱི་ཕྱོགས་ལ་བརྗེ་རེས་མཉམ་ལས་བྱེད་པའི་ཐབས་ལམ་གསར་བ་ཕྱོགས་ཡོངས་ནས་རྒྱ་སྐྱེད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཐེངས་འདིའི་བྱ་འགུལ་འགོ་ཚུགས་ས་གསར་བ་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ཞིང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་པ་དང་། བློ་སེམས་རྩེ་གཅིག་སྒྲིམ་སྒོས་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པར་མ་ཟད། ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། མཚོ་ནུབ་འཕེལ་རྒྱས་ཀྱི་དཔལ་འབྱོར་འཛིན་སྟངས་བཞི་དེ་དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་མཉམ་བསྲེས་བྱེད་པ་དང་། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་དངོས་འབེབས་བཟང་བོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

                                                                                        ལོ་ཙཱ་བ། བཀྲ་ཤིས་འབུམ།