མི་འབུམ་བཞི་དང་ཁྲི་དྲུག་སྟོང་ལྔ་ལྔ་བརྒྱ་ཡི་ཚད་གཞི་ལེགས་སྒྲིག་བྱས་ནས་རྒན་གསོའི་མ་དངུལ་ཁ་གསབ་བྱས།
2020.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་དེ་བཞིན་ལས་ཁུངས་དང་མི་དོན་ལས་ཁུངས་བཅས་ཀྱི་ལས་འཁྱུར་ངལ་གསོ་བྱེད་མཁན་མི་འབུམ་བཞི་དང་ཁྲི་དྲུག་སྟོང་ལྔ་ལྔ་བརྒྱ་ཡི་ཐོབ་ཐང་ལེགས་སྒྲིག་ལས་དོན་ལེགས་གྲུབ་ཟིན་ཡོད། ཐེངས་གཅིག་ལ་ཟླ་གཅིག་ནས་ཟླ་བདུན་པའི་བར་གསར་དུ་བསྣན་པའི་རྒན་གསོའི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་དྲུག་ཁ་གསབ་བྱས་པ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱི《ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་རིམ་པ་ཁག་དང་ནོར་སྲིད་སྡེ་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། ཐོབ་ཐང་སྤྲོད་པའི་ལས་དོན་ཧུར་ཐག་དང་བརྟན་པོའི་ངང་ཡག་པོ་བསྒྲུབས་ཏེ། སྔ་སྣུར་དུ་ཇུས་འགོད་དང་གྲ་སྒྲིག་ཞིབ་ཚགས་བྱས། ད་ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་མ་དངུལ་ལེགས་སྒྲིག་བྱེད་ཐེངས་བཅུ་དྲུག་པ་ཡིན་པ་དང་། ལས་ཁུངས་དང་མི་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་མ་དངུལ་དུས་མཉམ་དུ་ལེགས་སྒྲིག་བྱེད་ཐེངས་ལྔ་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།