ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོ་ཆིན་ཏོ་རྒྱལ་སྤྱིའི་ཟས་རིགས་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཁེ་ལས་ཀྱིས་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས།
2020.07.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོ་ཆིན་ཏོ་རྒྱལ་སྤྱིའི་ཟས་རིགས་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཁེ་ལས་ཀྱིས་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས་ཤིང་། བྱ་འགུལ་གྱིས་དུས་སྐབས་སྔོན་གྱི་དྲིལ་སྒྲོག་དང་འགྲེམ་སྟོན་ཚོགས་འདུ་ནས་འབྲེལ་མཐུད་བྱས་པ་བརྒྱུད་དེ་མཚོ་སྔོན་མེན་ཙི་ཚྭ་རྔ་འགག་སྐྱེ་ཁམས་ཆུ་ནང་གི་གསོ་སྤེལ་ཚད་ཡོད་ཀུང་ཟི་སོགས་མཚོ་སྔོན་གྱི་ཁེ་ལས་སོ་གིས་ཀྱིས་སོ་སོར་ཆིན་ཏོ་ཁེ་ཧེ་ཉོ་ཚོང་བརྗེ་རེས་ཚད་ཡོད་ཀུང་ཟི་སོགས་ཆིན་ཏོ་ཡི་ཁེ་ལས་སོ་གཅིག་བར་ལ་མཉམ་ལས་ལས་གཞི་སོ་བརྒྱད་ཀྱི་མཉམ་ལས་བྱེད་པའི་གྲོས་མཐུན་བཀོད།

གྲོས་མཐུན་བཀོད་པའི་ལས་གཞི་དེ་གཙོ་བོ་མཚོ་སྔོན་གྱི་ཁྱད་ཐོན་ཟས་རིགས་དང་བཟོ་རྩལ་ཐོན་རྫས། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་གང་མང་དང་འབྲེལ་བ་ཡོད་པ་དང་གྲོས་མཐུན་བཀོད་པའི་གྲུབ་འབྲས་དེ་སྔོན་དཔག་བཟང་བ་རེད། གྲོས་མཐུན་བཀོད་པའི་ཁེ་ལས་ཀྱིས་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། དེང་རབས་ཞིང་ལས་དང་སྐྱེ་ཁམས་ཚན་རྩལ། ཟས་རིགས་གསར་སྤེལ་སོགས་ཕྱོགས་སུ་མཉམ་ལས་བྱས་ནས། ཁྱད་སྟོབས་ཁ་གསབ་མངོན་འགྱུར་བྱེད་པ་དང་མཉམ་དུ་ཚོང་ར་གསར་སྐྲུན་བྱེད་ངེས་རེད།

ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མ་འོངས་པར་སྲིད་གཞུང་གིས་བཙུགས་པའི་སྟེགས་བུ་དེ་བརྒྱུད་ནས་སྔར་མང་པོའི་མཚོ་སྔོན་གྱི་ལྗང་མདོག་དང་མིང་གྲགས་ཁྱད་ཐོན་ཐོན་རྫས་རྒྱལ་ཡོངས་སུ་སྐྱོད་པ་དང་འཛམ་གླིང་དུ་སྐྱོད་ཐུབ་ངེས་ཡིན། དེ་དང་མཉམ་དུ་སྟེགས་བུ་དེ་བརྒྱུད་ནས་སྔར་ལས་མང་པོའི་ས་གནས་གཞན་པའི་ཁེ་ལས་པས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་དུ་དངུལ་གཏོང་ལས་གཉེར་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། མཉམ་དུ་མཚོ་སྔོན་གྱི་ཕྱི་ཕྱོགས་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས།

ལོ་ཙཱ་བ། བཀྲ་ཤིས་འབུམ།