ཀྲུང་གོའི(ཆིན་ཏོ)རྒྱལ་སྤྱིའི་ཟས་རིགས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པའི་སྟེང་མཚོ་སྔོན་དང་ཧྲན་ཏུང་གིས་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བདུན་འབུམ་དགུ་ཁྲི་དགུ་ཟིན།
2020.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གོའི(ཆིན་ཏོ)རྒྱལ་སྤྱིའི་ཟས་རིགས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་ནས་གཏམ་བཟང་ཁྱབ་སྟེ། མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད། གན་རྒྱ་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བདུན་འབུམ་དགུ་ཁྲི་དགུ་ཟིན་ཡོད།

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རང་ཞིང་གི་ཁྱད་ལྡན་ཐོན་རྫས་ཁེ་ལས་བརྒྱ་དང་ཉི་ཤུ་སྒྲིག་འཛུགས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཁྱད་ལྡན་ཐོན་རྫས་སྣ་ཁ་སྟོང་གཉིས་དང་དྲུག་བརྒྱ་ལྷག་ཙམ་འགྲེམ་ཚོགས་སྟེང་འཁྱེར་ཡོད། ཀྲུང་གོའི(ཆིན་ཏོ)རྒྱལ་སྤྱིའི་ཟས་རིགས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པར་ཞུགས་ཏེ། འོས་སྦྱོར་དང་འགྲེམས་ཚོང་བྱེད་སྒོ་དང་བརྗེ་རེས་ཞབས་ཞུའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། ཁེ་ལས་ཀྱིས་ཁྲོམ་ར་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད། ལས་ཞུགས་བརྟན་པོ་བཅས་ཡོང་རྒྱུར་རོགས་རམ་བྱས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།