མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་བཏང་ནས་དམངས་འཚོའི་ལས་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
2020.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ནོར་སྲིད་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་བཏང་ནས། ས་གནས་ཁག་གིས་ཨར་ལས་ཀྱི་གསེར་ལས་དཀོན་པའི་དུས་སྐབས་དམ་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། དམངས་འཚོའི་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་དམངས་འཚོའི་བྱ་བ་དངོས་འདུ་འགོད་དོན་ཐོག་ཏུ་འཁྱོལ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་བརྗིད་ཆེའི་ཁས་ལེན་སྤུས་ཚད་མཐོ་བའི་ངང་ལག་ལེན་བསྟར་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། གློ་ཚད་ཀྱི་རིམས་ནད་སོགས་ཀྱི་རྒྱུ་རྐྱེན་ངན་པའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཡོད། ད་ལོའི་ལོ་འགོར་གཏན་འཁེལ་བྱས་པའི་རིགས་བཅུའི་དམིགས་འབེན་ལས་འགན་ཁག་ཞེ་གཅིག་ལ་དམ་པོར་དམིགས་ཏེ། ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་མགྱོགས་སུ་བཏང་།

ལོ་ཙཱ་བ། བན་དེ་སྐྱབས།