གངས་ལྗོངས་དྲག་རྩལ་ཁང་ནས་ཐོན་པའི་འཕྲིན་གསར།
2020.08.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 391

སྤྱི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཉིས་སྟོང་ཉི་ཤུ་ལོའི་གཅན་ཚ་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྟེ་སྲོལ་རྒྱུན་བོད་ལུགས་སྦེ་ག་གསོ་སྦྱོང་གི་བོད་འཇུས་འཛིན་གྲྭ་གཉེར་པའི་བྱ་འགུལ་དེ་གཅན་ཚ་རྫོང་གངས་ལྗོངས་དྲག་རྩལ་ཁང་ནས་བསྡུས།

ཐེངས་འདིའི་བོད་ལུགས་སྦེ་ག་གསོ་སྦྱོང་འཛིན་གྲྭ་ལ་བོད་ཁུལ་ཡོངས་ནས་སྦེ་གའི་ཕྱོགས་སུ་དགའ་མོས་ཡོད་པའི་མི་སུམ་ཅུ་ལྷག་ཞུགས་འདུག་ལ། གསོ་སྦྱོང་གི་གོ་རིམ་ཁྲོད་དུ་བྱ་བའི་ལས་འགན་འཁུར་མཁན་ནི་གངས་ལྗོངས་དྲག་རྩལ་ཁང་གི་སྤྱི་གཉེར་བ་སངས་རྒྱས་དོན་འགྲུབ་རེད། གཅན་ཚ་རྫོང་ལ་ལོ་རྒྱུས་རིག་གནས་ཀྱི་རྨང་མཐུག་ཅིང་སྲོལ་རྒྱུན་ལུས་རྩལ་གྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད།

བོད་ལུགས་སྦེ་གའམ་དམངས་ཁྲོད་དུ་བོད་འཇུས་སུ་འབོད་པའི་ལུས་རྩལ་འདི་ཉིད་ལ་རིག་གནས་ཀྱི་རིན་ཐང་དང་ལུས་རྩལ་གྱི་རིན་ཐང་ངེས་ཅན་ཡོད་པ་དང་། བོད་ལུགས་སྦེ་གའི་ལུས་རྩལ་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རྣམ་གྲངས་གྲས་སུ་ཚུད་ཡོད་པ་དང་། གཙོ་བོ་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་རྒྱ་ཆེ་བ་མ་ཟད། བོད་གནའ་རབས་ནས་རྒྱུན་འཛིན་བྱས་ཏེ་འཕེལ་བའི་མི་སེམས་འགུགས་པའི་ལུས་རྩལ་རིག་གནས་ཤིག་རེད།

གཅན་ཚ་རྫོང་གིས་ལུས་རྩལ་རྒྱུན་འཛིན་པ་དང་བོད་ལུགས་སྦེ་གའི་ལུས་རྩལ་ལ་དགའ་མོས་ཆེ་བའི་མི་སྣ་དག་ལ་རྩལ་ནུས་གསོ་སྦྱོང་བྱེད་པ་དང་། དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་བོད་ལུགས་སྦེ་གའི་ལུས་རྩལ་འདི་ཉིད་དེང་རབས་འཚོ་བའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས། ལས་ཞུགས་དང་ཁེ་ལས་གཉེར་པ་ལ་སྐུལ་འདེད་དང་། ཡོང་འབབ་འཕར་སྣོན་ཡོང་པར་བྱས་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། ཀྲུང་གོའི་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ནུས་པ་གལ་ཆེན་ལྡན།