རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཚོ་སྔོན་ལ་ཆེད་དུ་མངག་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་མཚོ་ལྷོ་ཁུལ་དུ་བྱ་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས།
2020.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་དང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཞོགས་འདེགས་དམ་པོ་བྱས་འོག ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དགུ་ཉིན་བར། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཚོ་སྔོན་ལ་ཆེད་དུ་མངག་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དུས་ཡུན་ཉིན་བཅུ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། གུང་ཧོ་རྫོང་དང་ཐུན་ཏེ་རྫོང་གཉིས་སུ་ལྐོག་བཅར་བྱ་བ་སྒྲུབ་ནས་བྱ་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས།

ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བལྟས་ན། མཚོ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། གཙང་བཤེར་དྲུག་གི་འགུལ་སྐྱོད་ལག་བསྟར་བྱེད་པ་དེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་མཇུག་བསྡུའི་ལོའི་འཐབ་ཇུས་ལས་འགན་དུ་བཞག་པ་དང་འགོ་ཁྲིད་གཙོ་བོའི་བཟོ་སྐྲུན་དུ་བཀོད་ཅིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དང་སྲིད་ཁྲིམས་ལས་ཁུངས་ཀྱི་ཐད་ཀར་གྱི་འགན་འཁྲི། འབྲེལ་ཡོད་ལས་ཁུངས་དང་ལས་རིགས་ཀྱི་ལྟ་སྐུལ་འགན་འཁྲི་ཡིན་པར་གཏན་ལ་ཕབ་པ་དང་། སྔ་སྣུར་སྒོས་བྱ་བ་སྒྲུབ་པ་དང་ཆ་འཕྲིན་ཁྱབ་སྒྲོག དབྱེ་ཞིབ་དང་བརྡར་ཤ་གཅོད་པ། གྱོད་དོན་གལ་ཆེན་ལ་གྲོས་མོལ། མཉམ་འབྲེལ་སྒོས་ཞིབ་བཤེར་དང་ཐག་གཅོད་པ་སོགས་ཀྱི་ལམ་ལུགས་རྐྱེན་སྲོལ་དངོས་འབེབས་པས། རིམ་པས་རིམ་པ་འཛིན་པ་དང་རིམ་པ་སོ་སོས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་ཡོད་པར་འདོད།

ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་མཚོ་ལྷོ་ཁུལ་གྱིས་ནག་འཇོམས་ངན་སེལ་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་མཉམ་དུ་མཚོ་ལྷོ་ཁུལ་གྱིས་གཙང་བཤེར་དྲུག་གི་འགུལ་སྐྱོད་ལག་བསྟར་བྱེད་པའི་ཁྲོད་དུ་གནས་པའི་གནད་དོན་ཁ་ཤས་རྩད་ཆོད། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་གནད་དོན་དེ་དག་དང་མི་འདང་སར་དམིགས་ཏེ་དམིགས་ཡུལ་ཡོད་པའི་བསམ་འཆར་དང་གྲོས་གཞི་བཏོན།

                                                                                 ལོ་ཙཱ་བ། བཀྲ་ཤིས་འབུམ།