མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ཁྲོད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་ལྔ་བརྩོན་ལེན་བྱས། 
2020.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ད་ལོའི་ཚུན་ལ། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་དང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་སོང་བ་དང་། གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ་སོགས་གནས་ཚུལ་གསར་བ་དང་འགྲན་རྩོད་གསར་བ། གནད་དོན་གསར་བ་བཅས་ཀྱི་མདུན་ནས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བརྩོན་ལེན་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཉིས་སྟོང་བཅུ་དགུའི་ལོར་སྤྱི་ཚོགས་ཁྱབ་ཁོངས་བརྩོན་ལེན་བྱས་པའི་ཀྲུང་དབྱང་སྔོན་རྩིས་ཀྱི་དངུལ་གཏོང་ཐེར་འབུམ་གཉིས་ལ་བརྒལ་རྗེས། ད་ལོར་ཡང་བསྐྱར་ཆེས་མཐོ་བའི་ཚད་དུ་བསླེབས། བརྩོན་ལེན་བྱས་པའི་མ་དངུལ་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་ལྔར་བསླེབ་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་གིས་འཕྲོད་བསྟེན་དང་སློབ་གསོ། རིག་གནས་གནས་སྐོར། རྒྱང་སྒྲོག ལུས་རྩལ། དམངས་སྲིད། ལས་ཞུགས་བཅས་ཁྱབ་ཁོངས་བདུན་འདུས་ཡོད་པ་དང་། རིམས་ནད་ཆེན་མོའི་གསོ་བཅོས་དང་ཀུན་ཕན་བྱིས་སྐྱོང་། ཀུན་ཕན་རྒན་གསོ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟ་བྱེད་ས། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། སྤྱི་ཚོགས་རྐང་རྩེད་སྤོའི་ར་བ། སྤྱི་བའི་དངོས་སྦྱོང་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་གཞི་བཞི་བརྒྱ་དང་གྱ་བརྒྱད་ལ་འབྲེལ་ཡོད་པ་དང་། དེ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་དངུལ་གཏོང་གི་ཚད་ཆེས་ཆེ་བ་དང་རྣམ་གྲངས་ཀྱི་ཁ་གྲངས་ཆེས་མང་བ། ཁེབས་ཚད་ཁྱབ་ཁོངས་ཆེས་ཆེ་བའི་ལོ་ཞིག་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།