རང་ཞིང་གིས་ལས་ཞུགས་དབུལ་སྐྱོར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ནས་ཕན་འབྲས་བཟང་བོ་ཐོབ།
2020.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། རང་ཞིང་གིས་གནད་འཁེལ་སྲིད་ཇུས་ལག་བསྟར་བྱས་ཤིང་ལས་ཞུགས་དབུལ་སྐྱོར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་པས། དབུལ་ཐར་ངལ་རྩོལ་པ་འབུམ་གཅིག་དང་ཁྲི་བདུན་གྱི་ལས་ཞུགས་ཡོང་འཕར་མངོན་འགྱུར་བྱས་པ་དང་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་དྲུག་ལས་བརྒལ།

རང་ཞིང་གིས་ཧུར་ཐག་སྒོས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཏེ། ལས་ཞུགས་དབུལ་སྐྱོར་དེ་བརྟན་འཇགས་དྲུག་དངོས་འབེབས་བྱེད་པ་དང་འགན་སྲུང་དྲུག་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་མཉམ་དུ་བཀོད་སྒྲིག་དང་དངོས་འབེབས་བྱེད་པ་དང་། ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་གཞན་བསྒྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ལོ་ཙཱ་བ། བཀྲ་ཤིས་འབུམ།