དཔའ་ལུང་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བཅུ་བདུན་ལ་གཞུང་ལམ་ལས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས།
2020.08.10 ཁུངས། ཀློག་གྲངས། 27

ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། དཔའ་ལུང་རྫོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནད་འཁེལ་དབུལ་སྐྱོར་བྱ་བ་ཤུགས་ཆེན་པོས་སྤེལ། མིག་སྔར་ཡུལ་ཚོ་དང་གྲོང་རྡལ་བཅུ་བདུན་ལ་གཞུང་ལམ་ལས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་དང་སོ་ལྔ་ལྷག་ཡོད། སྲིད་འཛིན་སྡེ་བ་སུམ་བརྒྱ་དང་རེ་གཉིས་ལ་འགྲུལ་སྐྱེལ་རླངས་འཁོར་བགྲོད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། གནད་ལ་འཁེལ་བའི་སྒོ་ནས་ལས་གཞི་ཁྱིམ་ཚང་དང་མི་སྣའི་དམིགས་ཐོག་ཏུ་འབྱོར་བར་བྱེད་པ་དང་། སྡེ་བ་དང་ཡུལ་ཚོ། ས་ཁོངས་བཅས་སུ་འབྱོར་བར་བྱེད་པའི་སྲིད་ཇུས་དང་བྱ་བ་སྣ་ཚོགས་ཀྱི་བླང་བྱ་ལྟར། འགྲིམ་འགྲུལ་དབུལ་སྐྱོར་དེ་དབུལ་ཕོངས་མང་ཚོགས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་བར་ཆད་བཟོ་བའི་གནད་དོན་དང་འབུར་དུ་ཐོན་པའི་འགལ་བ་དམིགས་སུ་བཟུང་ནས་ཐག་གཅོད་བྱས།

མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཨར་ཐང་ཡུལ་ཚོའི་མང་ཚོགས་ཧན་ཅིན་ལུའུ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། སྔོན་ཆད་ས་ལམ་ཟེགས་ལམ་ཡིན་ལ། ད་ཐེངས་ལམ་གསར་པ་ལས་པས་ཧ་ཅང་བཟང་སོང་། ཕྱི་ཕྱོགས་སུ་འགྲོ་ན་ཡང་སྟབས་བདེ་རེད་ཟེར།

ད་ལོར། དབུལ་ཕོངས་ཀྱི་གནས་ཚུལ་ཚབས་ཆེ་བའི་ཡུལ་ཚོ་རུ་ཉིས་སྟོང་ཉི་ཤུ་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་བགྲོད་ལམ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་བཞིན་པར་སྦྲེལ་ནས། རྫོང་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་དགུ་ལྷག་བཏང་ནས་བགྲོད་ལམ་ལས་པ་དང་ཉམས་གསོ་བྱས་ལ། ལས་གཞི་དེ་ཡུལ་ཚོ་དྲུག་གི་དབུལ་ཕོངས་སྡེ་བ་སོ་བཞིའི་ལམ་སྤྱི་ལེ་གོ་དྲུག་ལྷག་ལ་འབྲེལ་བ་ཡོད།

ལོ་ཙཱ་བ། ཕྱུག་ལོ།