༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ལས་ཁག་བཞི་བ། ཞིན་ཧེ་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གནས་ཚུལ།
2020.09.10 ཁུངས། ཀློག་གྲངས། 180


          གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ) སྤྱི་ཟླ་དགུ་བའི་ཚེས་དགུའི་ཉིན། བཅར་འདྲི་ཚོགས་པ་གུང་ཧོ་ནས་ལམ་ལ་ཆས་ཏེ། ཞིན་ཧེ་རྫོང་ལ་ཐོན་ནས་ཞིན་ཧེ་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིན་ཧེ་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ནི2020ལོའི་ཟླ3པར་བཙུགས་ཤིང་། རྫོང་ཡོངས་ནས་དཔལ་ཡོན་ལག་ལེན་གྱི་སྤྱིའི་སྟེགས་བུར་ཆགས་ཡོད། ལྟེ་གནས་འདིས་ཏང་འཛུགས་ཀྱི་བྱ་བ་གཙོ་གནད་དུ་བཟུང་སྟེ་གཞི་རིམ་ཏང་འཛུགས་བྱ་བ་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གཉིས་གཅིག་གྱུར་ངང་སྤེལ་བཞིན་ཡོད་ལ། བསམ་བློའི་གོ་རྟོགས་ཇེ་མཐོ་དང་བྱ་བའི་ལག་ལེན་གསར་སྐྲུན། འགན་ལེན་འཁུར་ཁྱེར་ལ་ཤུགས་སྣོན་བཅས་བྱས་ཏེ། ལག་ལེན་དང་བསམ་བློ་ལེགས་བཅོས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

དེ་མིན་དང་བླངས་པ་ནི་གཙོ་ཤུགས་དང་དང་བླངས་ཞབས་ཞུ་ནི་གཞི་རྩའི་རྣམ་པར་བཟུང་སྟེ། སྟོབས་ཤུགས་ཡོད་རྒུས་གཞུང་ལུགས་སྒྲོག་བཤད་དང་སློབ་གསོའི་ཞབས་ཞུ། རིག་གནས་ཞབས་ཞུ། ཚན་རྩལ་ཞབས་ཞུ་སོགས་ལེགས་པོར་བསྒྲུབས་ནས། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁྲོད“དྲིལ་སྒྲོག་པ”དང“རྩ་འཛུགས་པ”། “དཔེ་སྟོན་པ”བཅས་ཀྱི་ནུས་པ་ཐོན་པར་སྣེ་ཁྲིད་བྱེད་བཞིན་ཡོད།

གཞན་ལྟེ་གནས་འདིས་“གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལེགས་བསྒྱུར། མཉམ་འཛུགས་མཉམ་སྤྱོད”བཅས་ཀྱི་རྩ་དོན་ལྟར། ད་ཡོད་ཀྱི་ཐོན་ཁུངས་དང་སྤྱི་བའི་ཞབས་ཞུ་ལེགས་སྒྲིག་སྒོས་དཔལ་ཡོན་ལག་ལེན་གྱི་ནུས་སྒོ་འབུར་དུ་ཐོན་པ་དང་། “སྒྲིག་འཛུགས་ཡོད་པ་དང་བྱ་འགུལ་སྤེལ་ས་ཡོད་པ། ལས་བྱེད་མི་སྣ་ཡོད་པ། གཙོ་ཤུགས་དཔུང་སྡེ་ཡོད་པ། བྱ་འགུལ་གྱི་ནང་དོན་ཡོད་པ། དོ་དམ་ལམ་ལུགས་ཡོད་པ། བྱ་འགུལ་གྱི་ཟིན་ཐོ་ཡོད་པ། ཐོན་ལས་ཀྱི་རྒྱབ་རྟེན་ཡོད་པ། བྱ་འགུལ་གྱི་ཕན་ནུས་ཡོད་པ། མ་དངུལ་གྱི་འགན་ལེན་ཡོད་པ”བཅས“ཡོད་པ་བཅུའི”འཛུགས་སྐྲུན་དམ་པོར་བསྒྲུབ་སྟེ། མི་དམངས་མང་ཚོགས་ལ་ཕྱོགས་གང་ཐད་ན་སྣེ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་གཞི་རིམ་དུ་དར་ཁྱབ་བྱེད་པར་ཤུགས་སྣོན་པ་དང་མཉམ་དུ་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་སྤྱི་ཚོགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་དང་སྣེ་ཁྲིད་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན་ལྡན་ཞིང་འཆམ་མཐུན་འཕེལ་རྒྱས་ཀྱི་ཞིན་ཧེ་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད།