མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཕྱི་ཕྱོགས་ལ་བཟོ་སྐྲུན་འགན་གཙང་ལེན་བྱས་པ་ལས་ཐོབ་པའི་ཚོང་གཉེར་ཡོང་འབབ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལ་སླེབས།
2020.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་གྲོས་མཐུན་བཞག་པའི་མ་དངུལ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བཞི་ས་ཡ་བརྒྱད་ལེགས་འགྲུབ་བྱས་པ་དང་། ཕྱི་ཕྱོགས་སུ་བཟོ་སྐྲུན་འགན་གཙང་ལེན་བྱས་ནས་ཐོབ་པའི་ཡོང་འབབ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལ་སླེབས་ཡོད། རིམ་རྩིས་བྱས་ན་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ངལ་རྩོལ་བ་སྟོང་གསུམ་དང་བཅུ་མངགས་གཏོང་བྱས་ཡོད།

མཚམས་སྦྱོར་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་དུ་གནས་པ་དང་། ཆ་འཕྲིན་ཤར་གཏོང་མི་ཐུབ་པ་དང་རྒྱལ་སྤྱིའི་སྟེང་གི་ཤེས་ལྡན་པ་དཀོན་པ། “ཕྱིར་སྐྱོད་པའི”བགྲོད་ལམ་དང་ལས་སྟེགས་མི་འདང་བ་བཅས་ནི། སྔར་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཕྱི་ཕྱོགས་སུ་སྐྱོད་བཞིན་པའི་འགག་རྩ་དངོས་རེད།

དེང་སྐབས། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བཞིན་ཡོད་ཅིང་།  བྱེད་ཐབས་འདི་དག་གིས་མཚོ་སྔོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་གསར་བསྐྲུན་བྱས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།