མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རྒྱས་བཟང་བསོད་ནམས་དར་རྒྱས་བསད་པའི་གྱོད་གཞིར་འབྲེལ་བའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།
2020.09.16 ཁུངས། ཀློག་གྲངས། 140

ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རྒྱས་བཟང་བསོད་ནམས་དར་རྒྱས་བསད་པའི་གྱོད་གཞིར་འབྲེལ་བའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

སྤྱི་ལོ1994ལོའི་ཟླ་དང་པོའི་ཚེས18ཉིན། ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རི་དྭགས་ལྐོག་རྔོན་རྒྱག་མཁན་དང་འཐབ་པར་མ་ཟད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་རེད། དོགས་ཡོད་ཉེས་ཅན་མང་པོ་ཞིག་བྲོས་བྱོལ་དུ་སོང་ཡོད་ལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད།

ཟླ9བའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ནས་འབྱོར་བའི་གནས་ཚུལ་ལྟར་ན། སྤྱི་ལོ1994ལོའི་ཟླ་དང་པོའི་ཚེས18ཉིན། ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རི་དྭགས་ལྐོག་རྔོན་རྒྱག་མཁན་དང་འཐབ་པར་མ་ཟད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་དང་། དོགས་ཡོད་ཉེས་ཅན་མང་པོ་ཞིག་ནག་ཉེས་ལ་སྐྲག་ནས་བྲོས་བྱོལ་དུ་སོང་ཡོད། གྱོད་གཞི་དེ་བྱུང་ནས་ད་བར་དུ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་པའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་བཏང་མྱོང་མེད་པ་དང་། ལྷག་པར་དུ་སྤྱི་བདེ་པུའུ་ཡིས་སྤྱི་ལོ2020ལོའི་ཡུན་ཅན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུའུ་ཏང་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་མི་བསད་པའི་གྱོད་གཞི་ཚང་མ་ཐག་གཅོད་བྱེད་པ་དང་། མི་བསད་པའི་གྱོད་གཞིའི་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་པ་དམིགས་ཚད་དུ་བཟུང་ནས། ལོ་མང་རིང་མི་བསད་པའི་གྱོད་གཞིའི་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་གྱི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་གསལ་པོ་བཟོས་ཡོད། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཡང་དག་པའི་མཛུབ་ཁྲིད་འོག ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་གཞོགས་འདེགས་ཆེན་པོའི་འོག་ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ལོ26གྱི་སྔོན་ལ་རྒྱས་བཟང་བསོད་ནམས་དར་རྒྱས་བསད་པའི་དོན་རྐྱེན་ཁྲོད་ཞུགས་མཁན་གྱི་དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་ཉེ་ཆར་འཛིན་བཟུང་བྱས་ཡོད་པ་རེད།

མིག་སྔར། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད་པ་དང་། ད་ལྟ་གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།