མགོ་ལོག་ཁུལ་དུ་ཁ་གཏད་རོགས་སྐྱོར་གྱི་ལས་གཞི་ལག་བསྟར་བྱས་ཏེ་ལོ་འཁོར་བཅུ་ལོན་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།
2020.09.27 ཁུངས། ཀློག་གྲངས། 76

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། དབང་རྒྱལ་ཚེ་རིང་། དཔལ་འཛོམས།)ཟླ9པའི་ཚེས27ཉིན། མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་གཟེངས་བསྟོད་ཚོགས་ཆེན་དེ་མགོ་ལོག་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས།

ཚོགས་ཐོག་ཏུ་ཁ་གཏད་རོགས་སྐྱོར་བྱེད་མཁན་མི36ལ་གཟེངས་བསྟོད་བྱས། ཐེངས་འདིར་གཟེངས་བསྟོད་ཚོགས་འདུ་བསྡུས་པ་འདིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་གྱི་འོད་སྟོང་འབར་བའི་ལོ་ངོ་བཅུ་མཚོན་ཞིང་། མཛེས་པའི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པའི་དབུ་ཚུགས་སའང་ཅིག་ཅར་མཚོན་ཡོད།

2010ལོར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བའི་ཚུན་དུ། ཧྲང་ཧའེ་གྲོང་ཁྱེར་དང་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ནགས་ལས་དང་རྩྭ་ཐང་པུའུ། རྒྱལ་ཁབ་གློག་དྲ་ཀུང་ཟི། ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཀྲུང་གོ་སྤོ་འགུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་“འདུ་ཤེས་བཞི”ཇེ་དྲག  “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་འཐབ་ཇུས་ལག་ལེན་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་ལྟར། ལས་གནས་ཇེ་མཐོར་གཏོང་བ། འགན་འཁྲི་བརྩི་སྲུང་བྱེད་པ། དངོས་དོན་གཉེར་བ། བརྩེ་སེམས་བཅངས་བ། རྣམ་གྲངས་རོགས་སྐྱོར་དང་། དངོས་རྫས་མཁོ་སྤྲོད། འཇོན་མི་མཁོ་འདོན། ཐོན་ལས་མཉམ་ལས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚོང་འགུགས་དངུལ་འདྲེན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ་མགོ་ལོག་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ད་ལོ་ནི་ཧྲང་ཧའེ་གྲོང་ཁྱེར་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་གྱི་ལས་གཞི་ལག་བསྟར་བྱས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་ལ།   ལོ་ངོ་བཅུའི་རིང་། ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས803ལག་བསྟར་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར27.7བཏང་སྟེ་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ།  ཆུ་བེད། འཕྲིན་གཏོང་སོགས་ཀྱི་ལས་གཞིའི་རྣམ་གྲངས་ཐད་ལ་ཤུགས་ཆེན་པོས་མཐོང་ཆེན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་སྟེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་འབྱོང་འབྲིང་གི་ལམ་ཁར་སྐྱོད་བཞིན་ཡོད།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་རྣམས་མགོ་ལོག་ཁུལ་གྱི་ཀྲུང་གོའི་གེ་སར་རིག་གནས་བཤམས་སྟོན་ཁང་དུ་གཟིགས་ཞིབ་དུ་ཕེབས་པ།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།

མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡོས་ཀྲང་གིས་ཚོགས་འདུར་མགོ་འཛིན་བྱེད་བཞིན་པ།

མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥིན་ཀྲི་ཡོན་གྱིས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧན་པིན་གྱིས་གཟེངས་རྟགས་ཐོབ་མཁན་གྱི་མཚན་བྱང་ཁྱབ་བསྒྲགས་བྱས་པ།

ཁ་གཏད་རོགས་སྐྱོར་གྱི་ཕུལ་བྱུང་མི་སྣར་གཟེངས་རྟགས་གནང་པ།

མགོ་ལོག་ཁུལ་སློབ་གསོ་སྡེ་ཁག་གི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ཁུལ་རྨ་སྟོད་རྫོང་གི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ཁུལ་རྨ་ཆེན་རྫོང་གི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ཁུལ་དར་ལག་གི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

ཚོགས་རའི་ཟུར་ཞིག

མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་རིག་རྩལ་འཁྲབ་སྟོན།