མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་རུ་ཁག་གིས་དགེ་རྒན་གདན་དྲངས་ཏེ་མདེལ་གཉིས་སྐར་གཅིག་གི་དགོངས་དོན་འཆད་ཁྲིད་བྱེད་དུ་བཅུག
2020.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན།  འགུག་ཤུགས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་དང་།  བརྗོད་དོན་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད།   ཉེ་ལམ།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་རུ་ཁག་གིས་ས་གནས་དེར་སྡོད་པའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ལི་ཡོན་ཀུ་གདན་དྲངས་ཏེ་མདེལ་གཉིས་སྐར་གཅིག་གི་དགོངས་དོན་འཆད་ཁྲིད་བྱེད་དུ་བཅུག

དགེ་རྒན་ལི་ཡོན་ཀུ་ཡིས་མདེལ་གཉིས་སྐར་གཅིག་གི་ནང་དོན་དང་དུས་རབས་ཀྱི་རིན་ཐང་བརྗོད་དོན་དུ་བྱས་ཏེ།  མདེལ་གཉིས་སྐར་གཅིག་གི་འབད་འཐབ་ལོ་རྒྱུས་དང་བསམ་པའི་ནང་དོན།  དུས་རབས་ཀྱི་རིན་ཐང་བཅས་ཕྱོགས་གསུམ་ནས་འཆད་ཁྲིད་བྱས་པ་དང་།   རང་རྒྱལ་གྱིས་ཉིང་རྡུལ་བྱ་བཞག་འཕེལ་རྒྱས་ཐད་བརྒྱུད་པའི་དཀའ་ཉེན་མང་པོ་དང་།  འཐབ་ཕྱོགས་དང་པོའི་ཚན་ཞིབ་མི་སྣ་དང་དེ་དག་གི་ཁྱིམ་མི་དག་གི་བློས་གཏོང་ཆེན་པོ་ཞིབ་ཏུ་བཤད་དེ་ཚང་མ་དང་མཉམ་དུ་རང་རྒྱལ་གྱི་ཉིང་རྡུལ་ལས་དོན་གྱི་འཕེལ་རྒྱས་ལོ་རྒྱུས་དང་།   འབར་མདེལ་གཉིས་ཀྱི་ཐད་བྱས་རྗེས་ཆེན་པོ་འཇོག་མཁན་གྱི་མི་སེམས་འགུལ་བའི་མཛད་རྗེས་ཕྱིར་དྲན་བྱས།  ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་འབུར་ཐོན་ཡིན་པས།   བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན།  རིག་གཞུང་རང་བཞིན་དྲག་པོ་ལྡན།

ཐེངས་འདིའི་འཆད་ཁྲིད་ཀྱིས་ཚང་མས་མདེལ་གཉིས་སྐར་གཅིག་གི་དོན་སྙིང་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་།   ཚང་མས་གཅིག་གྱུར་གྱིས་བསྟན་དོན།   རང་སྟེང་གི་ཏང་གཤིས་གསོ་སྦྱོང་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་འགན་འཁྲི་བརྟན་སྲུང་བྱེད་པ་དང་།   མེ་འགོག་མེ་གསོད་རོགས་སྐྱོབ་ལས་དོན་གྱི་འཚོལ་སྙེག་སྲུང་འཛིན་བྱེད་པ།   མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་བཅས་བྱས་ཏེ་དངོས་གཉེར་གྱི་བྱ་བའི་བྱེད་ཐབས་ཀྱིས་ཡན་ལག་རུ་ཁག་གི་ལས་དོན་སོ་སོའི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

                                                                                           ལོ་ཙཱ་བ་ལྷ་མོ་ཚེ་རིང་།