རང་ཞིང་གི་གྲོང་གསེབ་སྡོད་དམངས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པ་རྒྱུན་མཐུད་དང་བརྟན་འཇགས་ཡིན་ཚད་བརྒྱ་ཆའི་གོ་ལྔ་ཡིན་ལ་སླེབས།
2020.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ། རང་ཞིང་གིས་སྨན་བཅོས་བཅོས་སྒྱུར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཤིང་། གཞི་རྩ་འགན་སྲུང་དང་གཞི་རིམ་ལ་ཤུགས་སྣོན་པ་དང་རྐྱེན་སྲོལ་འཛུགས་པར་རྐང་བཙུགས་ཏེ། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་གཙོ་བོར་བཟུང་ནས་ཐག་བཅད་པ་དང་། སྨན་བཅོས་དང་སྨན་བཅོས་ཉེན་ཚབ། སྨན་རྫས་བཅས་མཉམ་འབྲེལ་གསུམ་གྱི་བྱ་བ་དམ་འཛིན་བྱས་པས། གཞི་རྩའི་སྨན་བཅོས་ཉེན་ཚབ་ལམ་ལུགས་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་དངུལ་བསྡུའི་ཚད་གཞི། ནད་ལྗིད་མོའི་ཉེན་ཚབ། སྨན་རྫས་གཅིག་གྱུར་ཉོ་སྡུད། རིམ་པ་བགར་ནས་ནད་བརྟག་སྨན་བཅོས་ལམ་ལུགས། གཞི་རྩའི་སྨན་རྫས་ལམ་ལུགས། ཁ་གཏད་རོགས་སྐྱོར། སྔོན་ལ་སྨན་ཁང་དུ་བསྡད་དེ་རྗེས་ནས་རྩིས་བརྒྱག་པ་སོགས་མངོན་འགྱུར་བྱས་པ་དང་། སྨན་བཅོས་བཅོས་སྒྱུར་གྲུབ་འབྲས་ཀྱིས་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་བསྐྲུན། དེའི་ནང་དུ་རང་ཞིང་གིས་མུ་མཐུད་དུ་སྨན་བཅོས་ཉེན་ཚབ་དངུལ་བསྡུའི་ཚད་གཞི་དང་སྲིད་ཇུས་ཀྱི་ཐོབ་ཐང་མཐོར་འདེགས་སུ་བཏང་བས། གྲོང་གསེབ་སྡོད་དམངས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པ་རྒྱུན་མཐུད་དང་བརྟན་འཇགས་ཡིན་ཚད་བརྒྱ་ཆའི་གོ་ལྔ་ཡིན་ལ་སླེབས་པ་དང་། ཉིས་སྟོང་ཉི་ཤུ་ལོར་མི་རེའི་ཆ་སྙོམས་ཀྱི་དངུལ་བསྡུའི་ཚད་གཞི་སྒོར་དགུ་བརྒྱ་དང་བཞི་བཅུ་ལ་མཐོར་འདེགས་བྱུང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།