རང་ཞིང་གི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཁྱིམ་ཚང་སོ་སོའི་མཐིལ་རྟོགས་བྱ་བ་དངོས་སུ་འགོ་བརྩམས།
2020.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། རང་ཞིང་གི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཁྱིམ་ཚང་སོ་སོའི་མཐིལ་རྟོགས་བྱ་བ་དངོས་སུ་འགོ་བརྩམས་ཤིང་། ཁྱབ་བཤེར་མི་སྣ་ཁྲི་གསུམ་དང་སྟོང་གསུམ་ལྷག་ཁྱིམ་ཚང་རེ་རེར་སོང་ནས་མཐིལ་རྟོགས་བྱ་བ་སྒྲུབ་འགོ་བརྩམས་པ་དེ་ལས་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ཡུལ་དངོས་ཞིབ་བཤེར་དུས་སྐབས་སུ་སླེབས་པ་མཚོན་ཡོད། རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ནམ་གུང་ནས་བཟུང་འགོ་རྩོམ་རྒྱུ་དང་། ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བར་ཁྱིམ་ཚང་རེ་རེར་སོང་ནས་བྱ་བ་བསྒྲུབ་རྒྱུ་རེད།

ཐེངས་བདུན་པའི་མི་གྲངས་ཁྱབ་བཤེར་བྱེད་ཡུལ་ནི་ཁྱབ་བཤེར་ཚད་གཞིའི་དུས་ཚོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་གྱི་མི་དང་དེ་མིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་དུ་ཡོད་ཀྱང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་དུ་དུས་ཡུན་ཐུང་བར་སྡོད་པའི་ཕྱི་རྒྱལ་གྱི་མི་སྣ་དེའི་ནང་དུ་མི་འདུ།

ལོ་ཙཱ་བ། བཀྲ་ཤིས་འབུམ།