ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2020.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་བ་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་ནས་བསྡུས། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་སོ་སོ་དང་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་སོགས་རྩ་འཛུགས་མི་དོན་སྡེ་ཁག་གི་མི་དྲུག་ཅུ་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་གི་འཛིན་གྲྭའི་དམིགས་འབེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། གནས་བབ་གསར་བ་དང་ལས་འགན་གསར་བའི་འོག་རྩ་འཛུགས་མི་དོན་བྱ་བ་སྤེལ་བའི་འདུ་ཤེས་དང་བསམ་གཞིགས། མིག་རྒྱ་ཆེར་བསྐྱེད་པ། གསོ་སྦྱོང་ལ་ཞུགས་པའི་མི་སྣའི་ཆེད་ལས་ཅན་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་དེ་རེད། ཐེངས་འདིའི་གསོ་སྦྱོང་དེ་ཆེད་དོན་བརྗེ་རེས་དང་བྱ་བའི་ཟུར་ཁྲིད། བརྗེ་རེས་སློབ་ཁྲིད། དཔེ་གཞི་སློབ་ཁྲིད། གྲུབ་ཚུལ་ཅན་གྱི་ཞིབ་སྡུར། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤེལ་བ་དང་། གསོ་སྦྱོང་མི་སྣའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་སྲིད་སློབ་ཁྲིད་ལས་བྱེད་པ་བསྐོ་འཇོག་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཐད་ཀྱི་ལྟ་ཞིབ་སྤེལ་བ། གཞུང་ཞབས་པའི་དོ་དམ་བྱ་བ་སྤེལ་བ། ཤེས་ལྡན་མི་སྣའི་བྱ་བ་བཟང་བོར་སྒྲུབ་པ་སོགས་ནང་དོན་སྐོར་ནས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས། གསོ་སྦྱོང་འཛིན་གྲྭས་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་གི་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས་རྗེས། ད་དུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་གཟའ་འཁོར་གཅིག་རིང་གི་གཅིག་བསྡུས་གསོ་སྦྱོང་སློབ་སྦྱོང་བྱེད་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།