མཚོ་སྔོན་ཞིང་ཆེན་གྱི་རྫོང་མཁར་བདུན་དང་ལས་ཁུངས་གཉིས། མི་སྒེར་གཅིག་ལ་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟེངས་བསྟོད་ཐོབ།
2020.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིན་ནས་བསྡུས་པའི་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་སྟོན་རྫོང་མཁར་གྱི་མིང་འདོགས་པ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་སྟོན་སྡེ་ཁག་དང་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྫོང་མཁར་བདུན་དང་ལས་ཁུངས་གཉིས། མི་སྒེར་གཅིག་ལ་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མཚན་སྙན་ཐོབ།

ཟི་ལིང་གྲོང་ཁྱེར་དང་གཏེར་ལེན་ཁ། ན་གོར་མོ་གྲོང་ཁྱེར། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། པད་མ་རྫོང་། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ས་ཁུལ། རྩེ་ཁོག་རྫོང་བཅས་རྫོང་གྲོང་ཁྱེར་དང་རྫོང་བདུན་ལ་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་སྟོན་རྫོང་མཁར་གྱི་མིང་ཐོབ་པ་དང་། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དམངས་སྲིད་ཅུའུ་ལ་རྒྱལ་ཡོངས་རྒྱལ་གཅེས་དམག་བཀུར་དཔེ་སྟོན་སྡེ་ཁག་གི་མཚན་སྙན་ཐོབ་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གསུམ་གཉིས་དྲུག་གཅིག་བརྒྱད་དམག་དཔུང་ན་གོར་མོའི་དམག་དོན་འཐུས་ཚབ་ཁང་ལ་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་དཔེ་སྟོན་སྡེ་ཁག་གི་གཟེངས་བསྟོད་ཐོབ། ཧར་དགེ་དམག་ཆས་མཁོ་འདོན་ས་ཚིགས་ཀྱི་འགོ་བ་རིན་ཆེན་ལ་རྒྱལ་ཡོངས་རྒྱལ་གཅེས་དམག་བཀུར་དཔེ་སྟོན་གྱི་མི་སྒེར་གྱི་གཟེངས་བསྟོད་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། གཏེར་ལེན་ཁ་བཅས་ལ་བསྟུད་མར་ཐེངས་དགུ་དང་ཐེངས་བརྒྱད། ཐེངས་ལྔ་ལ་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་དཔེ་སྟོན་གྱི་མཚན་སྙན་ཐོབ།

ལོ་ཙཱ་བ། རིན་ཆེན་མཚོ།