རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྡེ་བ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་ཀྱི་འགན་འཁུར་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2020.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྡེ་བ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་ཀྱི་འགན་འཁུར་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས་པ་དང་དེའི་དམིགས་ཡུལ་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དམངས་ཁྲོད་རྩ་འཛུགས་རྣམས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བ་གཞི་གཅིག་ཏུ་མཉམ་བསྲེས་བྱེད་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་མངོན་འགྱུར་བྱེད་རྒྱུ་དེ་རེད།

སྲུང་སྐྱོབ་ས་ཁུལ་གྱི་མང་ཚོགས་དང་དང་བླངས་མཁན་རྣམས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་བྱ་བའི་རྐྱེན་སྲོལ་དང་འཁོར་སྐྱོད་རྣམ་པར་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྲིད་འཛིན་སྡེ་བ་ང་གསུམ་དུ་ས་གནས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་ཁོངས་མི་དང་སྐྱེ་ཁམས་སྲུང་སྐྱོབ་མཁན། དང་བླངས་མཁན། དེ་མིན་སློབ་གྲྭུ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མ། ས་གནས་ཀྱི་ཆེད་ལས་ལག་རྩལ་པས་གྲུབ་པའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་བཙུགས་ཏེ།  གཞིས་ཁུལ་ཅན་དང་རྩ་འཛུགས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་དང་མཉམ་སྤྱོད་རྐྱེན་སྲོལ་གསར་སྐྲུན་བྱས་ནས། སྤྱི་གླིང་ས་ཁུལ་གྱི་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་དུ་ནུས་ཤུགས་འདོན་པ་དང་ཕན་འབྲས་ཐོབ་པར་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྡེ་བ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་བཙུགས་རྗེས་བསྡུས་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཡིན་ལ། དེས་གཞིས་ཁུལ་མང་ཚོགས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཐོན་ཁུངས་བདག་གཉེར་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གཞིས་ཁུལ་མང་ཚོགས་རྣམས་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་དུ་ཞུགས་པའི་བརྩོན་སེམས་སྐུལ་ངེས་ཡིན།

ལོ་ཙཱ་བ། བཀྲ་ཤིས་འབུམ།